དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

སྐད་འཕྲིན་ཚོགས་པའི་ནང་གི་རིན་མེད་བྱེད་སྒོ་དེ་རིགས་རྫུན་ཡིན་སྲིད།

སྤེལ་དུས 2020-05-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          གྲོགས་པོ་ཚོ། ཉེ་ཆར་ཁྱེད་ཀྱི་སྐད་འཕྲིན་ཚོགས་པའི་ནང་།གློ་བུར་དུ་“མི་བཟང་”འགའ་མང་དུ་ཕྱིན་པར་དོ་སྣང་བྱུང་ངམ།

          རི་མོ་སྦྱོང་བའི་ཚོགས་པའི་ནང་ཞུགས་འདོད་མཁན་ཡོད་དམ། ཚོགས་པ་འདི་ལས་རིན་མི་དགོས་པར་རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་སློབ་སྦྱོང་བྱེད་ཐུབ་ལ། མེ་ཏོག་དང་འདབ་ཆགས། རི་ཀླུང་སོགས་སྣག་རིས་དང་སྐྱ་རིས་འབྲི་སྦྱོང་ཡང་བྱེད་ཐུབ་པས། ངའི་སྐད་འཕྲིན་གྱི་ཚོགས་པའི་ནང་ཞུགས་ཏེ་སློབ་སྦྱོང་བྱོས་དང་། དེ་ནི་རིན་མེད་ཡིན་ཞེས་པ་བརྗོད་པ་དང་།
          ཡང་ན་ང་ནི་མཛེས་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་མཁན་ཞིག་ཡིན་ཞིང་། ལོ་13རིང་རི་མོ་སྦྱངས་བ་དང་། ད་ཆ་ངའི་སློབ་ཁྲིད་ཀྱི་ནུས་པ་མཐོར་འདེགས་གཏོང་ཆེད་རིན་མི་དགོས་པར་རི་མོ་འབྲི་རྒྱུ་སློབ་ཁྲིད་བྱེད་ཀྱི་ཡོད་ཅེས་བརྗོད་པ།
          ཉེ་ཆར།སྐད་འཕྲིན་གྱི་ཚོགས་པ་མང་པོའི་ནང་། རྒྱུན་དུ་རིན་མི་དགོས་པར་རི་མོ་སྦྱོང་ཞེས་པའི་ཆ་འཕྲིན་མཐོང་རྒྱུ་ཡོད་ལ། ས་གནས་ཁ་ཤས་སུ་ད་དུང་རིན་མི་དགོས་པར་ཡིག་གཟུགས་སྦྱོང་ཞེས་པའི་བཤད་ཚུལ་དུའང་རིམ་འགྱུར་ཕྱིན་ཡོད།
          དྲ་གྲོགས་མང་པོ་ཞིག་གིས་བརྗོད་པར། སྐད་འཕྲིན་གྱི་ཚོགས་པ་ཁ་ཤས་ཀྱི་ནང་དུ་ཡང་། བཤད་ཚུལ་དེ་འདྲ་མཐོང་རྒྱུ་འདུག་ལ། སྐད་ཆའི་འགོ་འཛིན་སྟངས་འདྲ་བ་མ་ཟད། འགྲེམ་སྟོན་བྱས་པའི་བརྩམས་ཆོས་ཀྱི་རི་མོ་ཡང་ཨ་ན་མ་ན་རེད། གློ་བུར་དུ་ཐོན་པའི་ཕན་བདེ་དེས། སློབ་སྦྱོང་ལ་དགའ་བའི་གྲོགས་པོ་མི་ཉུང་བ་ཞིག་མགོ་རྨོངས་སུ་བཅུག་ཡོད། དེས་ན་དངོས་གནས་བྱ་བ་བཟང་པོ་འདི་འདྲ་ཡོད་དམ་ཞེ་ན།

          ཁྱེད་ཀྱིས་གཅེས་ནོར་ཐོབ་པ་བཞིན་དེ་ཚོའི་སྐད་འཕྲིན་བསྣན་པ་དང་ཆབས་ཅིགཁོང་ཚོས་ཅི་བཤད་བཞིན་ལག་བསྟར་བྱས་ཡོད་དམ།
          གལ་སྲིད་དེ་ལྟར་བྱས་ཚེ། ཁྱེད་ཕལ་ཆེར་རིམ་བཞིན་གཡོ་འོག་ཏུ་ཚུད་སྲིད་ལ། ཐ་ན་དེ་ཚོའི་ངན་རོགས་སུའང་འགྱུར་སྲིད།
          ཉེན་རྟོག་ཕྱོགས་ཀྱིས་དེ་སྔོན་མགོ་སྐོར་གཏོང་བར་ངོ་རྒོལ་བྱེད་པའི་ཉེན་བརྡ་བཏང་ཡོད།ད་ལོའི་ཟླ་4པར་ཉེན་རྟོག་ཕྱོགས་ཀྱིས་མགོ་སྐོར་གཏོང་བར་ངོ་རྒོལ་བྱེད་པའི་ཉེན་བརྡ་ཁྱབ་བསྒྲགས་བྱས་ཡོད།

          རིན་མི་དགོས་པར་རི་མོ་སྦྱོང་ཞེས་པའི་མགོ་སྐོར་གཏོང་ཐབས་དེ་འདི་ལྟར་བཀོལ་སྤྱོད་བྱེད་བཞིན་ཡོད་དེ།
          1. ཡོངས་ཁྱབ་ཏུ་བཏང་བའི་ཕན་བདེར་བརྟེན་ནས་ཁྱེད་ཀྱི་སྤྲོ་བ་སློང་བ།
          འདི་ནི་རྒྱུན་དུ་སྤྱོད་པའི་གཡོ་ཐབས་ཤིག་ཡིན་ཞིང་། ཁྱེད་ཀྱིས་དོ་སྣང་བྱེད་རྒྱུ་དེ་དམིགས་ཡུལ་དུ་བཟུང་ཡོད་དེ། དཔེར་ན་ཁོ་ཚོས་རིན་མི་དགོས་པའི་སློབ་སྦྱོང་སྐོར་གྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ་ལྟ་བུ།
          རི་མོ་སྦྱོང་བའི་ཚོགས་པའི་ནང་ཞུགས་འདོད་མཁན་ཡོད་དམ། ཚོགས་པ་འདི་ལས་རིན་མི་དགོས་པར་རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་སྦྱོང་ཐུབ་ལ། མེ་ཏོག་དང་འདབ་ཆགས། རི་ཀླུང་སོགས་སྣག་རིས་དང་སྐྱ་རིས་འབྲི་སྦྱོང་ཡང་བྱེད་ཐུབ། ད་ལྟ་སློབ་ཚན་འདི་སྦྱོང་མཁན་མི་མང་པོ་དགོས་པས། ངའི་སྐད་འཕྲིན་XXXXབསྣན་ནས་ཚོགས་པ་འདིར་ཞུགས་ཏེ་སློབ་སྦྱོང་བྱེད་ཆོག དེ་ཡང་ཐད་གཏོང་སློབ་ཚན་དང་དཔྱད་གཞིའི་ཡིག་ཆ། པར་རིས་བཅས་བརྒྱུད་ནས་སློབ་ཁྲིད་བྱེད་ཐུབ་ཀྱི་ཡོད་པས། ཆེས་གཙོ་བོ་ནི་རིན་མེད་ཀྱི་སློབ་ཁྲིད་ཡིན་ཞེས་བརྗོད་ཡོད།

          2.སྐད་འཕྲིན་བསྣན་རྗེས། ཚོགས་ཆུང་བགོས་ནས་འཛིན་གྲྭར་ཞུགས་པ།

          ཚོགས་པའི་ནང་གི་རི་མོ་སྦྱོང་བའི་འཛིན་གྲྭ་ཞེས་པའི་སྐད་འཕྲིན་བསྣན་རྗེས། ཁྱེད་ལ་འཛིན་བདག་ཅེས་པའི་སྐད་འཕྲིན་གཞན་ཞིག་ངོ་སྤྲོད་བྱེད་ཅིང་། དེ་ནི་མགོ་སྐོར་ཚོགས་པས་ལས་རིགས་ཁག་བགོས་བྱས་པ་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་ཁྱེད་དམ་པོར་འཛིན་རྒྱུ་དེ་རེད། ཚོགས་པའི་ནང་ཞུགས་པའི་དྲ་གྲོགས་ལ་“ཕག་”ཅེས་འབོད་ཀྱི་ཡོད།
          དེ་ནས་ཁྱེད་ལ་རང་ཉིད་ཀྱི་གྲོགས་ཚོམས་དང་ཚོགས་པ་གསུམ་གྱི་ནང་དུ་ཁོ་བོའི་མཚམས་སྦྱོར་བརྡ་ཁྱབ་སྤེལ་དུ་འཇུག་པས། ཁྱེད་ནི་མགོ་སྐོར་གཏོང་བའི་བརྒྱུད་རིམ་ལས་ངན་རོགས་ལྟ་བུར་གྱུར་ཡོད།
          3.མགོ་སྐོར་གཏོང་ཐབས་སྤེལ་བ་ནས་བཟུང་། གང་ལྟར་མགོ་སྐོར་ཐེབས་པའི་མི་བྱུང་ཡོད།
          སྐད་འཕྲིན་བསྣན་རྗེས། ཁྱེད་ལ་སློབ་ཁྲིད་ཀྱི་སྦྲེལ་མཐུད་ཅིག་སྐུར་བ་དང་ཆབས་ཅིག ཁྱེད་ལ་རང་གི་ཨང་གྲངས་ཤིག་ཐོ་འགོད་བྱས་ནས་སློབ་ཁྲིད་ལ་ཉན་དུ་འཇུག་སྲིད། ཉིན་རེར་ཕལ་ཆེར་ཡོངས་བསྒྲགས་བྱས་པའི་སློབ་ཚན་འགའ་ཡོད་སྲིད་ལ། དེ་བསྟུན་ཡང་ཁྱེད་སྐད་འཕྲིན་གྱི་ཚོགས་པ་གཞན་ཞིག་གི་ནང་དུ་ཁྲིད་པ་དང་།  དེ་ནས་མགོ་སྐོར་བྱེད་པའི་མགོ་བརྩམས་པ་ཡིན་པ་སྟེ།
          ཁྱེད་ལ་APPག་གེ་མོ་ཞིག་ཕབ་ལེན་བྱེད་དུ་བཅུག་པ་བརྒྱུད། ཁྱེད་ཀྱི་ཁ་པར་གྱི་མི་སྒེར་གྱི་ཆ་འཕྲིན་དེ་ཁོ་ཚོའི་ལག་ཏུ་ཐོབ་ཡོད་ཅིང་། དེ་རྗེས་སློབ་ཡོན་སྤྲོད་དགོས་པ་དང་། མཐོ་རིམ་འཛིན་གྲྭ་ཡིན་ཚུལ།  འགྲེམས་སྟོན་གཉེར་བ་སོགས་མགོ་སྐོར་གཏོང་ཐབས་ཀྱི་སྐད་ཆ་བཤད་པ་བརྒྱུད། གང་ལྟར་ཐབས་གཅིག་གིས་ཁྱེད་ལ་སེམས་འགུལ་ཐེབས་སུ་འཇུག་སྲིད།
          ཁྱེད་རང་དེ་ཚོའི་ཚོགས་པའི་གཡོ་འོག་ཏུ་ཚུད་རྗེས། བརྒྱུད་འཚོང་རྣམ་པའི་མགོ་སྐོར་དང་གཡོ་འཕྲུལ་རིམ་བཞིན་འཁྲབ་པ་སྟེ། སྐབས་དེ་དུས་ཁོང་ཚོས་ཁྱེད་ལ་ཞིབ་འཇུག་བྱེད་པ་བརྒྱུད་བརྡར་ཤ་གཅོད་པ་དང་། གལ་སྲིད་ཁྱེད་རང་དངོས་གནས་མགོ་སྐོར་གཏོང་བདེ་པོ་ཡོད་ན་ཐད་ཀར་མགོ་སྐོར་གཏོང་བ་དང་། དེ་ལས་ལྡོག་ཚེ་ཁྱེད་ལ་མགོ་སྐོར་ཐབས་ཀྱི་ཆ་འཕྲིན་བརྒྱུད་བསྐུར་བྱེད་དུ་འཇུག་སྲིད།
           གལ་སྲིད་ཁྱེད་ལ་མགོ་སྐོར་ཐེབས་མེད་ནའང་། ཁོང་ཚོས་ཁྱེད་བརྒྱུད་ནས་གནོད་འཚེ་ཕོག་མཁན་མང་པོ་རྙེད་ཐུབ། ཁྱེད་ཀྱི་བློ་ལ་བབས་པ་ནི་རིན་མེད་ཐོན་ཁུངས་ཟེར་བ་དེ་ཡིན་ཞིང་། ཁོང་ཚོས་ཁྱེད་“མིག་མངས་ཀྱི་རྡེའུ་”ལྟ་བུར་བརྩིས་ནས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ལེན་པ་དང་། ཁྱེད་ལ་མི་གཞན་ལ་མགོ་སྐོར་གཏོང་རོགས་བྱེད་དུ་འཇུག་པ་རེད། 
          སྐད་འཕྲིན་གྱི་ཚོགས་པའི་ནང་། ཁོང་ཚོ་མང་ཆེ་བས་བུད་མེད་ཀྱི་ངོས་ནས་ཁྱེད་ལ་འབྲེལ་བ་བྱེད་པ་དང་། དེ་དག་ཚང་མ་ནི་མགོ་སྐོར་གཏོང་མཁན་གྱི་མགོ་སྐོར་གཏོང་ཐབས་ཤིག་ཡིན་ཞིང་། ཁོང་ཚོས་བུད་མེད་ཀྱི་འདྲ་པར་དང་འབྲེལ་འདྲིས་བྱེད་ཐབས་སྤྱོད་ཀྱི་ཡོད་ལ། དོན་དངོས་ཐོག་སྐྱེས་པའི་མགོ་སྐོར་ཚོགས་པས་ཁྱེད་ལ་གཡོ་ཐབས་བྱེད་ཀྱི་ཡོད་པ་རེད།
          གནམ་འོག་ཏུ་རིན་མེད་ཀྱི་དགུང་ཟས་མེད་ཅེས་པ་བཞིན། རང་ཉིད་གཡོ་འོག་ཏུ་མ་ཚུད་པའི་ཆ་རྐྱེན་འོག   མགོ་སྐོར་གཏོང་མཁན་གྱི་ངན་རོགས་སུའང་འགྱུར་ཏུ་འཇུག་མི་རུང་ངོ་།།