དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

སྤྱི་བདེ་པུས་དངུལ་ལོར་རྫུན་མའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ།

སྤེལ་དུས 2020-05-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ཚེས་14ཉིན། གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། སྤྱི་བདེ་པུའུ་ཡིས་བཀོད་འདོམས་བྱས་ནས་དངུལ་ལོར་རྫུན་མའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་ཡོད་པ་རེད། ཉེས་གསོག་དོགས་ཅན་16འཛིན་བཟུང་བྱས་ཤིང་། དངུལ་ལོར་རྫུན་མའི་ནག་ཚང་ཆེ་གྲས་1དང་དངུལ་ལོར་རྫུན་མའི་ཆེད་སྤྱོད་ཤོག་བུ་གསོག་ཉར་ས་ཚིགས་ཤིག་མེད་པར་བཟོས་པ་དང་། ཡུལ་དེ་ནས་2005པར་མའི་དངུལ་ཐང་བརྒྱ་ཅན་གྱི་མི་དམངས་ཤོག་སྒོར་རྫུན་མ་སྒོར་དུང་ཕྱུར་4.22རྩད་ཆོད་བྱུང་ཡོད། དངུལ་ལོར་རྫུན་མ་བཟོ་བྱེད་ཀྱི་ཤོག་བུ་ཏུན་6ཞིབ་བཤེར་བཀག་ཉར་བྱས་པ་དང་། རྫུན་བཟོའི་སྒྲིག་ཆས་དང་མ་བཅོས་རྒྱུ་ཆ་འབོར་ཆེན་གཞུང་བཞེས་བཏང་ཡོད། དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱོད་དོན་གཅིག་ལས་རྩད་ཆོད་བྱུང་བའི་མི་དམངས་ཤོག་སྒོར་རྫུན་མའི་གྲངས་འབོར་མང་ཤོས་ཀྱི་གྱོད་གཞི་ཞིག་ཡིན་པ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་ལོར་རྫུན་མ་ཚང་མ་ཡུལ་དངོས་ནས་རྩད་ཆོད་བྱུང་བས་ཁྲོམ་རར་བཀྲམ་ཐུབ་མེད་པ་རེད།

          ན་ནིང་ལོ་མཇུག་ཏུ། ཀོང་ཏུང་ཞིང་ཆེན་སྤྱི་བདེ་ཐིང་དཔལ་འབྱོར་མྱུལ་ཞིབ་ལས་ཁུངས་ཀྱིས་ལས་ཀའི་ཁྲོད་དངུལ་ལོར་རྫུན་མའི་ཉེས་གསོག་ཁུངས་སྣེ་ཞིག་རྙེད་ཅིང་། ཐོག་མའི་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཀྲེན་ཆེ་གེ་མོ་དང་ལིའུ་ཆེ་གེ་མོ་ཙེ་སོགས་ཀོང་ཏུང་ནས་ཧེ་ལུང་ཅང་དུ་སོང་སྟེ་དངུལ་ལོར་རྫུན་མ་བཟོས་པའི་དོགས་གཞི་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་བ་དང་། གྱོད་གཞི་དེའི་གཞི་ཁྱོན་ཆེ་བ་དང་གྱོད་འབྲེལ་མི་སྣ་མང་བ་རེད།

          གྱོད་དོན་རྙོག་འཛིང་ཆེ་ཞིང་ཚབས་ཆེ་བས་སྤྱི་བདེ་པུའུ་དཔལ་འབྱོར་མྱུལ་ཞིབ་ཅུས་ཀྱིས་འཕྲལ་མར་མཉམ་འབྲེལ་ཆེད་དོན་གྱོད་གཞིའི་ཚོགས་ཆུང་བཙུགས་ནས། ཟླ་བ་གསུམ་ཙམ་རིང་མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད། དངུལ་ལོར་རྫུན་མ་བཟོ་ས་དང་གསོག་ཉར་བྱ་ཡུལ་གཏན་འཁེལ་གནད་ལ་འཁེལ་བ་བྱས་ཤིང་། ཉེས་གསོག་ཚོགས་པ་དེའི་རྩ་འཛུགས་ཀྱི་སྒྲོམ་གཞི་དང་མི་སྣ་གྲུབ་ཚུལ་སོགས་ཀྱི་གནས་ཚུལ་རྩད་ཆོད་པ་རེད། ཉིན་ཤས་གོང་སྤྱི་བདེ་པུའུ་ཡིས་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས། ཧེ་ལུང་ཅང་དང་ཀོང་ཏུང་ས་ཁུལ་གཉིས་ཀྱི་ཉེན་རྟོག་ཕྱོགས་ཀྱིས་དུས་གཅིག་ཏུ་གཅིག་སྡུད་འཛིན་བཟུང་བྱ་སྤྱོད་སྤེལ་ཞིང་། ཉེས་གསོག་དོགས་ཅན་16འཛིན་བཟུང་བྱས་ཏེ་ཁྲིམས་ལ་སྦྱར་བ་དང་། རྒྱལ་ཁའི་ངང་གྱོད་དོན་རྩད་ཆོད་པ་རེད།

          འདྲི་རྩད་བྱས་ནས་རྩད་ཆོད་གསལ་བོ་བྱུང་རྒྱུར། ཀྲེན་ཆེ་གེ་མོ་དང་། ཧྥན་ཆེ་གེ་མོ་ཀྲོའུ། ཁྲེན་ཆེ་གེ་མོ་ཆིའུ། ལི་ཆེ་གེ་མོ་ཞ་བཅས་ནི་ཉེས་གསོག་ཚོགས་པ་དེའི་“རྐང་བདག་”ཡིན་པ་དང་། ལིའུ་ཆེ་གེ་མོ་ཙེ་དང་ལུའུ་ཆེ་གེ་མོ་ཁྲེང་སོགས་ནི་ལག་རྩལ་པ། ཐན་ཆེ་གེ་མོ་ནི་དངུལ་ལོར་རྫུན་མ་བཟོ་སའི་བདག་པོ་ཡིན་པ་རེད། 2019ལོའི་ལོ་མཇུག་ཏུ། ཚོགས་པ་དེས་ཀོང་ཏུང་ནས་པར་འདེབས་སྒྲིག་ཆས་དང་། སྣག་ཚའི་རྒྱུ་ཆ། དམིགས་བསལ་ཤོག་བུ་སོགས་དངོས་ཟོག་ཉོས་པ་མ་ཟད་ཧེ་ལུང་ཅང་དུ་དབོར་རྗེས་དངུལ་ལོར་རྫུན་མ་བཟོ་འགོ་ཚུགས། སྤྱི་བདེ་ལས་ཁུངས་ཀྱིས་ཡུལ་དངོས་ནས་འཛིན་བཟུང་བྱེད་པའི་བར་དུ། ཚོགས་པ་དེས་2005པར་མའི་དངུལ་ཐང་བརྒྱ་ཅན་གྱི་མི་དམངས་ཤོག་སྒོར་རྫུན་མ་སྒོར་དུང་ཕྱུར་4.22བཟོས་ཡོད་པ་རེད།

          སྤྱི་བདེ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་དངུལ་ཁང་སོགས་འགན་ནུས་སྡེ་ཁག་དང་མཉམ་ལས་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་ནས། རྡུང་རྡེག་བཅོས་སྒྲིག་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་དངུལ་རྩའི་ཁྲོམ་རའི་དོ་དམ་སྒྲིག་ལམ་དང་དངུལ་ལོར་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་དགོས་ཞེས་བཤད།