དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ལོ་མང་པོར་བོར་བའི་མི་འདི་ལྷ་རྩེའི་སྤྱི་བདེ་མི་སྣས་རྙེད་འདུག

སྤེལ་དུས 2020-09-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
           ཟླ་9པའི་ཚེས་5ཉིན་ཏེ། ཡོད་ཚད་རྒྱུན་ལྡན་ལྟར་གནས་པའི་ཁོང་ཚོར་གློ་བུར་དུ་ཁ་པར་ཆ་མེད་ཅིག་འབྱོར་བྱུང་། དེ་ནི་གཞིས་ཀ་རྩེའི་ཨང་གྲངས་ཞིག་ཡིན་པས། ཁོ་ཚོས་དང་ཐོག་དེ་ནི་ཕལ་ཆེར་དོན་མེད་ཀྱི་ཁ་པར་ཞིག་ཡིན་པར་སྙམ། འོན་ཀྱང་ཁ་པར་སྣེ་ལེན་བྱས་པ་ན། ཁ་པར་གྱི་སྐུད་ལམ་ནས“མི་ཆེ་གེ་མོའི་ཁྱིམ་མི་ཡིན་ནམ”ཞེས་དྲིས་བྱུང་བས། གློ་བུར་དུ་ཁོ་ཚོའི་སེམས་སུ་བོར་ནས་ལོ་མང་པོ་འགོར་བའི་ཁྱིམ་མི་དེ་དྲན་དུ་བཅུག 

           ཟླ་9པའི་ཚེས་4ཉིན་གྱི་དགོང་མོར། གཞིས་ཀ་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཨང་3པའི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་དུ་རྒྱུན་གཏན་གྱི་གཙང་བཤེར་ལས་དོན་སྤེལ་སྐབས། བཀྲ་པེ་ལམ་དང་རྒྱལ་ལམ་318ཀྱི་བཞི་མདོ་རུ། ཡར་ལྟ་མར་ལྟ་བྱེད་ཅིང་རྣམ་འགྱུར་རྒྱུན་ལྡན་མིན་པའི་དོགས་ཡོད་མི་སྣ་ཞིག་མཐོང་། མི་དམངས་ཉེན་རྟོག་པས་ཞིབ་བཤེར་ལ་གྲ་སྒྲིག་བྱེད་སྐབས། མི་དེ་འཚུབ་ཆ་ལངས་ནས་ཉེན་རྟོག་པར་གཞོགས་འདེགས་མ་བྱས་ཤིང་། ཉེན་རྟོག་པས་ངང་རྒྱུད་རིང་པོས་སེམས་གསོ་དང་འགྲེལ་བཤད་བརྒྱབ་རྗེས། སྐྱེས་པ་དེའི་སེམས་ལྷོད་ལ་བབ་ནས། མཐར་རང་ཉིད་ཀྱི་ཐོབ་ཐང་ཆ་འཕྲིན་དང་སྡོད་གནས་སོགས་མཁོ་འདོན་བྱ་རྒྱུར་མོས་མཐུན་བྱུང་བ་རེད། 

           རྒྱུས་ལོན་བྱུང་ནས་ཤེས་གསལ་ལྟར་ན། སྐྱེས་པ་དེ་ནི་ཀྲེ་ཅང་ཞིང་ཆེན་ནས་ཡིན་པ་དང་། ཉེ་ལམ་རྒྱུན་དུ་ལྷ་རྩེ་རྫོང་མདར་གྲང་མོ་ཆེ་དགོན་པའི་ཉེ་འགྲམ་གྱི་ཆག་གྲུམ་ཤོར་བའི་ལམ་འོག་གི་ཆུ་སྦུག་ཅིག་ཏུ་གནས་སྐབས་སུ་ཞག་སྡོད་བྱེད་ཀྱིན་ཡོད་ཅིང་། གནས་ཚུལ་རྒྱུས་ལོན་བྱུང་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་མར་དྲ་ཐོག་གི་ཐོབ་ཐང་ཆ་འཕྲིན་ཞིབ་བསྡུར་བྱས་པ་བརྒྱུད། སྐྱེས་པ་དེ་ནི་2019ལོའི་ཟླ་2པའི་ཚེས་1ཉིན་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་གར་སོང་ཆ་མེད་དུ་གྱུར་པའི་མི་སྣའི་གྲས་སུ་བཅུག་ཡོད་འདུག (2017ལོའི་ཟླ་2པར་སྐྱེས་པ་དེས་ནང་མི་དང་ཁ་རྩོད་ཤོར་རྗེས་ཁྱིམ་དང་བྲལ་ནས་ད་བར་ཕྱིར་ལོག་བྱས་མེད།) དེའི་རྗེས་སུ་ཐབས་ལམ་སྣ་ཚོགས་བརྒྱུད་ནས་སྐྱེས་པ་འདིའི་ཁྱིམ་མིར་འབྲེལ་གཏུག་བྱས་ཤིང་། ཟླ་9པའི་ཚེས་6ཉིན་མི་དམངས་ཉེན་རྟོག་པ་སོགས་ཀྱིས་སྐྱེས་པ་དེ་གཞིས་ཀ་རྩེར་སྲུང་སྐྱེལ་བྱས་ཏེ། ནང་མི་དང་ལྷན་འཛོམས་བྱུང་དུ་བཅུག་པ་རེད། 
           ལོ་གསུམ་གྱི་རྗེས་སུ་སླར་ཡང་གཉེན་ཉེ་དང་འཕྲད་སྐབས། ཕྱོགས་གཉིས་ཀར་སེམས་འགུལ་ཚད་མེད་ཐེབས་ནས་ཕན་ཚུན་འཁྱུད་ཅིང་ངུས་པ་དང་། ཁོའི་ཨ་མས་ངུ་སྐད་འགག་བཞིན་དུ་“ཁྱེད་ཚོ་ཡོད་པས་སྟབས་ལེགས་སོང་། མི་དམངས་ཉེན་རྟོག་པར་དངོས་གནས་ཐུགས་རྗེ་ཆེ་ཞུ” ཞེས་བཀའ་དྲིན་ཡང་ཡང་ཞུས།