དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

གླ་ཆ་མ་སྤྲད་པར་བྲོས་བྱོལ་ཕྱིན་པའི་གྱོད་གཞི་ཞིག་ཁྲིམས་ཐག་བཅད་འདུག

སྤེལ་དུས 2020-09-15 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།

          ཉེ་ཆར། བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས། གྲོང་ཁྱེར་ཡོངས་ཀྱི་ངལ་རྩོལ་གྱི་ཐོབ་ཆ་གཏན་ནས་མི་སྤྲོད་པའི་གྱོད་གཞི་ཐོག་མ་དེ་འདྲི་གཅོད་བྱས་ནས་ཁྲིམས་ཐག་བཅད་པ་དང་། ཞུ་སྦྱོར་ཕྱི་མ་ལི་ཆེ་གེ་མོས་ངལ་རྩོལ་གྱི་ཐོབ་ཆ་གཏན་ནས་མི་སྤྲོད་པའི་བྱས་ཉེས་བསགས་པར། དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་བ་དྲུག་བྱས་པ་དེ་ལོ་གཉིས་ནར་འགྱངས་བྱས་པ་དང་། དངུལ་ཆད་སྒོར་5000བཏང་བ་རེད།
          གནས་ཚུལ་ཞིབ་ཕྲ། 
          ཞུ་སྦྱོར་ཕྱི་མ་ལི་ཆེ་གེ་མོས་གཞིས་རྩེ་གྲོང་ཁྱེར་གྱི་རོལ་རྩེད་ཁང་ཞིག་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་རིང་། ལས་མི་46གི་2018ལོའི་ཟླ་4པ་དང་5པའི་གླ་ཕོགས་ཁྱོན་སྒོར་ཁྲི་52.4998ཆད་འགྱངས་བྱས་ནས་2018ལོའི་ཟླ་5ཚེས་15ཉིན་གཞིས་རྩེ་གྲོང་ཁྱེར་ནས་ཐོན་ཏེ་ཁྲེང་ཏུའུ་རུ་བྲོས་བྱོལ་དུ་ཕྱིན་པ་རེད། བསམ་གྲུབ་རྩེ་ཆུས་མི་སྤྱི་ཅུས་ཀྱིས་ཞིབ་དཔྱད་བྱས་རྗེས། འཕྲིན་ཐུང་བསྐུར་བ་དང་། སྦྲག་བསྐུར། རྩ་ཚིག་སྦྱར་བ་སོགས་ཀྱི་བྱ་ཐབས་ཐོག་ནས་ཁོ་པར་དུས་བཀག་ནང་བརྟག་དཔྱད་དང་ལེན་དང་གླ་ཆ་སྤྲོད་དགོས་པའི་བརྡ་ཐོ་བཏང་ཀྱང་ཞུ་སྦྱོར་ཕྱི་མ་ལི་ཆེ་གེ་མོས་ལག་བསྟར་གཏན་ནས་བྱས་མེད།
          ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་ལི་ཆེ་གེ་མོས་བྲོས་བྱོལ་གྱི་ཐབས་ལ་བརྟེན་ནས། ངལ་རྩོལ་གྱི་ཐོབ་ཆ་སྤྲོད་པ་ལས་གཡོལ་ཐབས་བྱས་པ་དང་དངུལ་གྱི་གྲངས་འབོར་མང་བ་དང་། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཐོབ་ཆ་སྤྲོད་དགོས་པའི་བཀའ་བཏང་ནའང་སྔར་བཞིན་སྤྲད་མེད་པས། ཁོ་པའི་བྱེད་སྤྱོད་དེ་ངལ་རྩོལ་གྱི་ཐོབ་ཆ་མི་སྤྲོད་པའི་ནག་ཉེས་སུ་གྱུར་ཡོད། ཞུ་སྦྱོར་ཕྱི་མ་ལི་ཆེ་གེ་མོ་ཁྲིམས་ལ་སྦྱར་རྗེས། རང་ཉེས་ངོས་ལེན་ཞུ་བའི་རྣམ་འགྱུར་ཡག་པོ་ཡོད་པ་མ་ཟད། རང་ཉིད་ཀྱི་ནག་ཉེས་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་དང་། བཅད་ཁྲ་ཁྱབ་བསྒྲགས་མ་བྱས་གོང་ལས་མིའི་གླ་ཕོགས་སྒོར་ཁྲི་25.0265སྤྲད་ནས་གནོད་འཚེ་ཕོག་མཁན་ཁག་གཅིག་གི་བསམ་ཤེས་བྱས་པར་གཞིགས་ཏེ། ཉེས་ཆད་ཡང་གཅོད་བྱེད་པའི་ཁྲིམས་ཐག་བཅད་པ་རེད། གོང་གསལ་གྱི་ཁྲིམས་ཐག་བཅད་པ་དེ་ཞུ་སྦྱོར་ཕྱི་མ་ལི་ཆེ་གེ་མོའི་ནག་ཉེས་ཀྱི་དོན་དངོས་དང་། ངོ་བོ། གནས་ཚུལ། སྤྱི་ཚོགས་སུ་གནོད་འཚེ་ཕོག་ཚད་བཅས་ལ་གཞིགས་པ་རེད།