དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

⏯“མ་ཎི་དུང་སྒྲུབ”དང་འབུལ་བ་གཡོ་ལེན།

སྤེལ་དུས 2020-09-27 ཡོང་ཁུངས། ཁྲིམས་ལུགས་ཚགས་པར། རྩོམ་པ་པོ།
          ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་དད་ལྡན་མང་ཚོགས་རྣམས་ལ་དྲ་ལམ་ནས་སྒོར་མོ་བསླུ་བྲིད་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་ཡོད་དེ། དོགས་ཡོད་ཉེས་ཅན་དཔལ་ཆེ་གེ་མོ་དང་འཇམ་ཆེ་གེ་མོ་གཉིས་ཀྱིས་མ་ཎི་དུང་སྒྲུབ་ཅེས་པའི་སྐད་འཕྲིན་ཚོགས་པ་ཞིག་བཙུགས་ཏེ། ཚོགས་པ་ནང་དུ་ཞུགས་ནས་ཁ་ཏོན་བྱས་ཚེ་རང་དགོན་པའི་བླ་མའི་བྱིན་རླབས་ཐོབ་པ་དང་། ད་དུང་དགོན་པ་ནང་དུ་སྐུ་འདྲ་བཞེངས་རྒྱུར་ཁ་གཡར་ནས་དད་ལྡན་མང་ཚོགས་ལག་ནས་སྒོར་མོ55000མགོ་སྐོར་བཏང་། ཁོ་གཉིས་ཀྱིས་སྒོར་མོ་ཁ་ཤས་བེད་སྤྱད་དེ་སྐུ་འདྲ་འགའ་བླུས་པ་ལས་ལྷག་སྒོར་ཚང་མ་སྒེར་སྤྱོད་བྱས། མིག་སྔར་དཔལ་ཆེ་གེ་མོ་དང་འཇམ་ཆེ་གེ་མོ་གཉིས་ཀྱིས་དྲ་རྒྱའི་སྟེང་མགོ་གཡོག་མགོ་སྐོར་བཏང་བས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱས། དོགས་ཡོད་ཉེས་ཅན་གྱིས་བཤད་རྒྱུར། རང་གི་ཁེ་ཕན་ལེན་པའི་དམིགས་ཡུལ་འགྲུབ་ཆེད་དགོན་པ་དང་སྐུ་འདྲ་ལ་ཁ་གཡར་ཏེ། ཚོགས་པའི་ནང་གི་མང་ཚོགས་ལ་མགོ་སྐོར་བཏང་བ་སོགས་ནག་ཉེས་བསགས་པར་འགྱོད་པ་ཆེན་པོ་སྐྱེས་ཡོད་ཟེར། མགོ་སྐོར་ཐེབས་པའི་མང་ཚོགས་ཀྱིས་བཤད་རྒྱུར། ཚོགས་གཙོ་གཉིས་ཀྱིས་རང་དོན་གྱི་ཆེད་དུ་ཚོགས་པའི་ནང་གི་མང་ཚོགས་ཚང་མར་མགོ་སྐོར་གཏོང་བ་ཡིན་པ་ཤེས་ཚེ་ང་རང་གིས་ཞལ་འདེབས་རྒྱག་མི་སྲིད་ཟེར། ཡང་གཞན་ཞིག་གིས་བཤད་རྒྱུར། གནས་ཚུལ་ངོ་མ་ད་ལྟ་གཞི་ནས་ཧ་གོ་བྱུང་། མགོ་སྐོར་ཐེབས་པ་ཤེས་རྗེས།འགྱོད་པ་ཆེན་པོ་སྐྱེས་བཞིན་ཡོད། རྗེས་ཕྱོགས་མང་ཚོགས་ཚང་མ་ཚོགས་པ་དེ་འདྲའི་རིགས་ཀྱི་ནང་དུ་མི་ཞུགས་པར་རེ་བ་ཆེན་པོ་ཡོད་ཟེར།
          སྤྱི་བདེ་ལས་ཁུངས་ཀྱིས་རྒྱ་ཆེའི་མང་ཚོགས་ལ་སྐད་འཕྲིན་ཚོགས་པ་དང་། ཁྱེའུ་འཕྲིན་ཚོགས་པ། གྲོགས་ཚོམས་སོགས་སུ་ནད་པ་དང་། སྲོག་ཆགས་ཚེ་ཐར་གཏོང་བ་སོགས་ལ་རོགས་སྐྱོར་ཞལ་འདེབས་སློང་བ་ལ་ངེས་པར་ཡིད་གཟབ་དགོས་པར་གསལ་འདེབས་བྱེད་བཞིན་ཡོད།