དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

མཱ་དབྱི་སྡེ་ཚོགས་དངུལ་འཛིན་ཚོང་རར་ཞུགས་པ་གནས་སྐབས་ནར་འགྱངས་བྱས།

སྤེལ་དུས 2020-11-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ཟླ11པའི་ཚེས3ཉིན། ཧྲང་ཧའེ་དངུལ་འཛིན་ཉོ་ཚོང་ཁང་གིས་མཱ་དབྱི་སྡེ་ཚོགས་ཀྱི་ཚན་རིག་གསར་གཏོད་ཀྱི་ཁག་ཁྲོམ་ཞུགས་གནས་སྐབས་སུ་ནར་འགྱངས་བྱ་རྒྱུའི་ཐག་བཅད་པའི་རྗེས་སུ། མཱ་དབྱི་སྡེ་ཚོགས་ཀྱི་ཤང་ཀང་ཉོ་ཚོང་ཁང་གིསHམ་རྐང་ཁྲོམ་ཞུགས་གནས་སྐབས་སུ་ནར་འགྱངས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

          མཱ་དབྱི་སྡེ་ཚོགས་ཀྱིས་བསྟན་དོན། ཟླ11པའི་ཚེས3ཉིན་ཀྲུང་གོའི་ནང་སའི་འབྲེལ་ཡོད་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་བརྡ་ཐོ་འབྱོར་ཞིང་། ཀུང་སིའི་དངོས་ཡོད་ཀྱི་ཚོད་འཛིན་མི་སྣ་དང་ལག་བསྟར་ཏུང་ཧྲི་ཀྲང་དང་། སྤྱི་ཁྱབ་སྤྱི་གཉེར་པར་ལྟ་སྐུལ་དོ་དམ་གྱི་དུས་ཆད་ཁ་བརྡ་བྱས་པ་དང་། དངུལ་རྩའི་ཚན་རྩལ་ལྟ་སྐུལ་དོ་དམ་གྱི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་སོགས་ཀྱི་དབང་གིས། ཀུང་སིར་འབྲེལ་ཡོད་ཀྱི་འགྲེམས་སྤེལ་ཚོང་རར་འདོན་པའི་ཆ་རྐྱེན་དང་མི་མཐུན་པའམ་ཡང་ན་ཆ་འཕྲིན་ཁྱབ་བསྒྲགས་ཀྱི་རེ་བ་འདོན་སྲིད་པས། ཀུང་སིའིAམ་རྐང་ཚན་རིག་གསར་གཏོད་ཁུལ་ཁྲོམ་ཞུགས་གནས་སྐབས་སུ་ནར་འགྱངས་བྱ་རྒྱུའི་ཐག་བཅད་པ་རེད།
          དེར་བརྟེན། ཀུང་སིས་དུས་མཚུངས་སུ་སྤེལ་བའིHམ་རྐང་ཤང་ཀང་ཉོ་ཚོང་ཁང་གི་གཙོ་ངོས་ཚོང་རར་འདོན་པ་དེའང་གནས་སྐབས་སུ་ནར་འགྱངས་བྱས་ཤིང་། ཀུང་སིསHམ་རྐང་ཚོང་རར་འདོན་པ་དང་རྐང་དངུལ་རེ་ཞུ་ཕྱིར་འཐེན་སྐོར་གྱི་གནས་ཚུལ་ཞིབ་ཕྲ་གང་མགྱོགས་སྒོས་ཁྱབ་བསྒྲགས་བྱ་རྒྱུ་རེད།
          མཱ་དབྱི་སྡེ་ཚོགས་ཀྱིས་ཀྲུང་གོའི་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཕྱི་རྒྱལ་གྱི་ཚོང་རར་ཞུགས་པའི་འཁྲོལ་འཛིན་བླངས་རྗེས་ཡང་བསྐྱར་དོན་དག་གལ་ཆེན་གྱི་དབང་གིས་ཕྱི་རྒྱལ་གྱི་ཁྲོམ་ཞུགས་གནས་སྐབས་སུ་ནར་འགྱངས་བྱས་པའི་གནད་དོན་གྱི་སྐོར་ལ། ལྟ་སྐུལ་དོ་དམ་ལ་ཉེ་བཅར་བྱས་པའི་མི་སྣས་གསར་འགོད་པར་བསྟན་དོན། ཀྲུང་གོའི་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཞིབ་མཆན་བཀོད་པ་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁེ་ལས་ཕྱི་རྒྱལ་གྱི་ཚོང་རར་འདོན་པའི་ཀྲུང་གོའི་མངའ་ཁོངས་ཀྱི་ལྟ་སྐུལ་དོ་དམ་གྱི་རིམ་པ་ཞིག་ཡིན་ཞེས་བཤད།

          ཁེ་ལས་ཕྱི་རྒྱལ་གྱི་ཚོང་རར་འདོན་ཐུབ་མིན་དེ་ད་རུང་ཚོང་རར་འདོན་སའི་ཡུལ་གྱི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་ཞིབ་བཤེར་གཏན་འབེབས་བྱེད་དགོས་ཤིང་། ཚོང་རར་འདོན་པའི་རེ་ཞུར་ཆོག་མཆན་ཐོབ་རྗེས། སྒྲིག་སྲོལ་ལྟར་གལ་ཏེ་མུ་མཐུད་དུ་ཚོང་རར་འདོན་པར་ཤུགས་རྐྱེན་ཐེབས་སྲིད་པའི་དོན་ཆེན་གྱི་རིགས་བྱུང་ཚེ། འབྲེལ་ཡོད་ཀྱི་ཕྱོགས་ཁག་སོ་སོས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁྲོམ་ཞུགས་གནས་སྐབས་སུ་ནར་འགྱངས་བྱས་ཆོག ལྟ་སྐུལ་དོ་དམ་གྱི་ཁོར་ཡུག་ལ་འགྱུར་ལྡོག་གལ་ཆེན་རིགས་བྱུང་བའི་གནས་ཚུལ་འོག མཱ་དབྱི་སྡེ་ཚོགས་ཀྱིས་གནས་སྐབས་སུ་ཁྲོམ་ཞུགས་ནར་འགྱངས་བྱས་པ་ནི་ཀྲུང་གོའི་ཤང་ཀང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་པ་ཡིན།
          ཀྲུང་གོའི་ཤང་ཀང་མ་རྩའི་ཚོང་རར་མཚོན་ན། དུས་ཡུན་རིང་པོའི་ཆ་ནས་བལྟས་ན་མཱ་དབྱི་སྡེ་ཚོགས་ཀྱིས་གནས་སྐབས་སུ་ཤང་ཀང་དུ་ཁྲོམ་ཞུགས་ནར་འགྱངས་བྱས་པའི་ཤུགས་རྐྱེན་ལ་ཚད་བཀག་ཡོད་ཅིང་། གོང་སྨོས་ཀྱི་ལྟ་སྐུལ་དོ་དམ་ལ་ཉེ་བཅར་བྱས་པའི་མི་སྣས་བསྟན་དོན། ལྟ་སྐུལ་དོ་དམ་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་གནས་ཚུལ་འོག  ཁྲོམ་ཞུགས་གནས་སྐབས་སུ་ནར་འགྱངས་བྱས་པ་ནི་མ་དངུལ་འཇོག་མཁན་དང་ཚོང་རར་འགན་འཁུར་བའི་སྒྲུབ་ཐབས་ཤིག་ཡིན།
          ད་ལོའི་བར་དུ། མིང་གྲགས་ཆེ་བའི་ཀུང་སི་མང་པོ་ཞིག་གིས་ཀྲུང་གོའི་ཤང་ཀང་ཁྲོམ་ཞུགས་བྱེད་སར་བདམ་པ་དེས་ཀྲུང་གོའི་ཤང་ཀང་ཚོང་རར་འགྲན་རྩོད་ནུས་པ་དང་འགུག་ཤུགས་ཅུང་ཆེན་པོ་ལྡན་པ་མཚོན་གྱི་ཡོད་ཅིང་། མཱ་དབྱི་སྡེ་ཚོགས་ཀྱིས་ཁྲོམ་ཞུགས་གནས་སྐབས་སུ་ནར་འགྱངས་བྱས་པ་ནི་དམིགས་བསལ་གྱི་དཔེ་གཞི་ཞིག་ཡིན་ཞིང་། ཀུང་སི་དེའི་བོངས་ཚད་ཅུང་ཆེ་བས་དུས་ཡུན་ཐུང་ངུའི་ནང་ཤུགས་རྐྱེན་རེ་ཐེབས་ཡོང་སྲིད་མོད། འོན་ཀྱང་དུས་ཡུན་རིང་པོའི་ཤུགས་རྐྱེན་ལ་ཚད་བཀག་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།