དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཁང་པའི་ནང་འཛུལ་ནས་འཕྲོག་བཅོམ་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་འདུག

སྤེལ་དུས 2021-01-06 ཡོང་ཁུངས། ཞི་བདེའི་ལྷ་ས། རྩོམ་པ་པོ། ཁྲིམས་གསལ་མེ་ལོང་།
          ཟླ་12ཚེས་14ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་བཞི་པར་110བཀོད་འདོམས་ལྟེ་གནས་ཀྱིས་ཉེན་རྟོག་པ་གཏོང་དགོས་པའི་བཀའ་འབྱོར་བ་དང་། ཉེས་དོན་སྙན་སེང་ཞུ་མཁན་ཞིག་གིས་གྲྭ་བཞི་མངགས་གཏོང་ཁང་ལ་ཟླ་12ཚེས་14ཉིན་གྱི་ཐོ་རེངས་ཆུ་ཚོད་2པ་ཙམ་ལ། རང་དང་གྲོགས་པོ་སྡོད་སའི་བོགས་གཏོང་ཁང་པ་ཞིག་ཏུ་ཆ་རྒྱུས་མེད་པའི་སྐྱེས་པ་9འཛུལ་ནས་ཉེས་རྡུང་བཏང་བ་མ་ཟད། ཁ་པར་གསུམ་འཕྲོགས་སོང་ཞེས་ཉེས་དོན་སྙན་སེང་ཞུས། གྱོད་གཞི་འདིར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་མཐོང་ཧ་ཅང་ཆེན་པོ་བྱས་པ་དང་། ཉེན་རྟོག་པ་ཧྲག་འདེམས་བྱས་ནས་གྱོད་གཞི་དེ་རྩད་གཅོད་བྱས་པ་རེད།

            གྱོད་གཞི་འདི་རྩད་མགྱོགས་པོ་ཆོད་པ་ལས། ཉེས་གསོག་པའི་ཁྲིམས་མེད་ལུངས་མེད་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས། 2021ལོའི་ཀྲུང་གོ་མིི་དམངས་ཉེན་རྟོག་པའི་དུས་ཆེན་ལ་ཕྱག་རྟགས་ཕུལ་བ་མ་ཟད། ལྷ་སའི་སྤྱི་བདེས་ཁྲིམས་སྐྱོང་ཀྲུང་གོ་ཧུར་ཐག་སྐྲུན་པའི་ཆོད་སེམས་ཀྱང་གང་ལེགས་མངོན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།