མེ་འཁོར་སྤ་སེ་རིན་མེད་ངང་ཕྱིར་སློག་བྱེད་ཆོག་པ།
སྤེལ་དུས 2021-01-08
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་ཁག་གི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་བླང་བྱར་རམ་འདེགས་བྱ་ཆེད། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པས་མེ་འཁོར་སྤ་སེ་རིན་པ་མི་དགོས་པར་ཕྱིར་སློག་བྱེད་ཆོག་པའི་བྱ་ཐབས་བཏོན་ཡོད།
ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པའི་འགྲུལ་སྐྱེལ་པུའུ་ཡི་འགན་འཁུར་བས། ཉེ་ཆར། རྒྱལ་ཡོངས་ཀྱི་ས་ཁུལ་རེ་གཉིས་སུ་ནད་དཔེ་གཅིག་གཉིས་རེ་ཐོན་པ་དང་། ས་ཆ་ཆ་ཤས་སུ་འདུ་འཛོམས་རང་བཞིན་གྱི་ནད་ཡམས་ཐོན་པར་དམིགས་ནས། ས་གནས་ཁག་གི་སྲིད་གཞུང་གིས་མི་སྣ་འགྲོ་འོང་ཉུང་དུ་གཏོང་རྒྱུ་དང་། འགྲུལ་བཞུད་ཉེན་ཁ་ཆུང་དུ་གཏོང་རྒྱུ། མི་སྣ་འདུ་འཛོམས་ཉུང་དུ་གཏོང་རྒྱུ་བཅས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པར་རམ་འདེགས་བྱ་ཆེད། ལྕགས་ལམ་ཚན་པས་འགྲུལ་སྐྱེལ་མེ་འཁོར་གྱི་སྤ་སེ་ཕྱིར་སློག་པའི་གཏན་འབེབས་བྱས་པ་གཤམ་གསལ་ལྟར་ཏེ།
སྤྱི་ལོ2021ལོའི་ཟླ1པའི་ཚེས7ཉིན་གྱི་ཆུ་ཚོད0ནས་འགོ་ཚུགས་ཏེ། འགྲུལ་པས་མེ་འཁོར་འབབ་ཚུགས་དང་ལྕགས་ལམ་ཚན་པའི12306དྲ་ཚིགས། ༼ཁ་པར་གྱི་སྤྱོད་སྣེ༽སོགས་ཀྱི་ལམ་ནས་སྤྱི་ལོ2021ལོའི་ཟླ1པའི་ཚེས6ཉིན་གྱི་དུས་ཚོད24ཡི་གོང་ཉོས་པའི་སྤ་སེ་ཕྱིར་སློག་བྱེད་སྐབས་ཕྱིར་སློག་རིན་པ་མི་བསྡུ་རྒྱུ་དང་། འགྲུལ་པས་ཉོས་པའི་ལྕགས་ལམ་གྱི་ཉེན་འགོག་ཁག་ཐེག་དངུལ་ཡང་དུས་གཅིག་ཏུ་ཕྱིར་སློག་བྱ་རྒྱུ་ཡིན་ཞེས་བཤད་འདུག
ཧྲི་ཅ་ཀྲོང་དང་ཧན་ཏན་ནས་པེ་ཅིང་དུ་བསྐྱོད་པའི་མེ་འཁོར་སྤ་སེ་འཚོང་མཚམས་འཇོག་རྒྱུ་རེད།
ནད་ཡམས་སྔོན་འགོག་ཚོད་འཛིན་བྱ་ཆེད། སྤྱི་ཟླ1པའི་ཚེས6ཉིན་ནས་ཟླ1པའི་ཚེས8ཉིན་གྱི་ཆུ་ཚོད་24བར། ཧྲི་ཅ་ཀྲོང་དང་ཧན་ཏན་ས་གནས་ཁག་ནས་པེ་ཅིང་དུ་བསྐྱོད་པའི་མེ་འཁོར་ཐེངས་གྲངས་ལ་ཚད་བཀག་བཟོ་རྒྱུ་མ་ཟད། སྤ་སེ་འཚོང་མཚམས་འཇོག་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།