དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

སྒྲིག་འགལ་རྒྱུགས་སྤྲོད་སློབ་མ་བརྒྱ་ལྷག་ཐག་གཅོད་བྱས་འདུག

སྤེལ་དུས 2021-01-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ཟླ1པོའི་ཚེས4ཉིན། ནང་སོག་རང་སྐྱོང་ལྗོངས་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ལྟེ་གནས་ཀྱིས་སྤྱི་བསྒྲགས་སྤེལ་ནས།《རྒྱལ་ཁབ་ཀྱི་སློབ་གསོ་རྒྱུགས་ལེན་སྒྲིག་འགལ་ཐག་གཅོད་བྱེད་ཐབས་》ཀྱི་དོན་ཚན་དགུ་པ་དང་དོན་ཚན་ཉེར་ལྔ་པའི་གཏན་འབེབས་གཞིར་བཟུང་། སྤྱི་ལོ་2020ལོའི་ཟླ་12པའི་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་ལེན་སྐབས། སྒྲིག་འགལ་བྱས་པ་གཏན་ཁེལ་བྱས་པའི་རྒྱུགས་སྤྲོད་སློབ་མའི་རྒྱུགས་རའི་ཨང་གྲངས་དང་། འདུག་སྟེགས་ཨང་གྲངས། རྒྱུགས་ལེན་པའི་ཨང་གྲངས། དོན་དངོས་དང་མི་མཐུན་པའི་གནས་ཚུལ། དེ་བཞིན་དེ་འབྲེལ་གྱི་ཐག་གཅོད་བྱེད་ཐབས་དང་ཐག་གཅོད་གང་འདྲ་བྱེད་མིན་གྱི་གཏན་འབེབས་བཅས་སྤྱི་བསྒྲགས་བྱས་པ་རེད།
          དེའི་ཁྲོད་གལ་ཏེ་རྒྱུགས་ཞུགས་སློབ་མས་གཏན་འབེབས་བྱས་པའི་སྒྲིག་འགལ་དོན་ཚན་ལ་དོགས་པ་ཡོད་ཚེ། སྤྱི་བསྒྲགས་སྤེལ་རྗེས་ཀྱི་ཉིན་གསུམ་གྱི་ནང་ཚུན་དུ། རང་ཉིད་ཀྱི་རྒྱུགས་ར་གནས་སའི་སློབ་བསྡུ་རྒྱུགས་ལེན་སྡེ་ཁག་ལ་གནས་ཚུལ་ཡར་ཞུ་དང་བསམ་འཆར་ཞུ་འབུལ་བྱེད་ཆོག་པ་མ་ཟད། དེ་མཐུན་གྱི་དོན་དངོས་གནས་ཚུལ་དང་རྒྱུ་མཚན། བདེན་དཔང་དཔྱད་གཞི་བཅས་མཁོ་འདོན་བྱེད་ཆོག་ལ། གཞན་རྒྱུགས་ལེན་ལྟེ་གནས་ལའང་ཐད་ཀར་གནས་ཚུལ་ཞུ་འབུལ་བྱེད་ཆོག་པ་སོགས་ཀྱི་གཏན་འབེབས་བྱས་ཡོད།

     ཞིབ་དཔྱད་བཙལ་འཚོལ་བྱས་ནས་ཤེས་རྟོགས་ཐུབ་པར་གཞིགས་ན། སྤྱི་བསྒྲགས་ནང་ཁྱོན་སྒྲིག་འགལ་སློབ་མ་17ཡོད་པ་དང་། སྒྲིག་འགལ་བྱུང་དོན་ནི་གློག་རྡུལ་འགྱིག་སུབ་ཀྱི་རྐུ་འབྲི་ཡོ་ཆས་སྤྱད་པ་དེ་ཡིན་ཞིང་། དེ་དག་ཐག་གཅོད་བྱེད་ཐབས་ནི་ཐེངས་དེའི་ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་རྒྱུགས་འབྲས་ཚང་མ་མེད་པ་བཟོ་རྒྱུ་མ་ཟད། ཡིག་རྒྱུགས་དེ་ལོ་1ནས་3བར་གཏོང་མི་ཆོག་པ་བཟོས་ཡོད། ད་དུང་རྒྱུགས་ཞུགས་སློབ་མ་འགའ་རེས་གཏན་ཁེལ་ཟིན་པའི་འདུག་སྟེགས་སུ་མ་བསྡད་པར་དམིགས་པའི་ཐག་གཅོད་བྱེད་ཐབས་ནི་རིགས་ཚན་དེའི་རྒྱུགས་འབྲས་མེད་པ་བཟོ་རྒྱུ་དེ་རེད།

སྒྲིག་འགལ་རྒྱུགས་ཞུགས་པ་ཁ་ཤས་ཀྱི་ཆ་འཕྲིན་སྤྱི་བསྒྲགས་བྱས་པ།
          ཞིབ་འཇུག་སློབ་མའི་ཡིག་རྒྱུགས་གཏོང་མཁན་སློབ་མ་བརྒྱ་ཕྲག་ཐག་གཅོད་བྱས་པ། ཀྲེ་ཅང་སློབ་གསོ་རྒྱུགས་ལེན་ཁང་གིས་སྤེལ་བའི་ཐག་གཅོད་སྤྱི་བསྒྲགས།
          ཉིན་དེ་རང་ལ། ཀྲེ་ཅང་ཞིང་ཆེན་སློབ་གསོ་རྒྱུགས་ལེན་ཁང་གིས་《ཀྲེ་ཅང་ཞིང་ཆེན་གྱི་སྤྱི་ལོ་2021ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་རྒྱུགས་ལེན་ཁྲོད་ཀྱི་སྒྲིག་འགལ་སློབ་མ་ཐག་གཅོད་བྱས་པའི་སྤྱི་བསྒྲགས》ཞེས་པ་སྤེལ་ཏེ། རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་ཁྲོད་སྒྲིག་ཁྲིམས་ལས་འགལ་བའི་སློབ་མ་108ཡོངས་བསྒྲགས་བྱས་པ་རེད།
          ཆ་འཕྲིན་སྐུར་ཐུབ་པ་དང་བསྡུ་ལེན་བྱེད་ནུས་ལྡན་པའི་ཡོ་ཆས་སྤྱོད་མཁན་གྱི་སློབ་མ51ཡོད་པ་དང་། དེ་དག་ཚང་མ་ཐག་གཅོད་བྱེད་ཐབས་ནི་འབྲེལ་ཡོད་ཀྱི་སྐར་གྲངས་ཚང་མ་མེད་པ་བཟོ་རྒྱུ་དེ་རེད།

     ད་དུང་རྒྱུགས་ཞུགས་སློབ་མ་ཁག་ཅིག་གིས་རྒྱུགས་ཤོག་དང་། རྒྱུགས་ལན་བྱང་བུ། ཟིན་བྲིས་སོགས་རྒྱུགས་སྤྱོད་ཤོག་བུ་རྒྱུགས་རའི་ཕྱི་རོལ་དུ་འཁྱེར་བ་དང་། རྒྱུགས་ལེན་སྐབས་ཉེ་འགྲམ་གྱི་མི་ལ་སྐད་ཆ་འདྲི་བ་དང་། ཕར་བལྟ་ཚུར་བལྟ་བྱེད་པ། ཕན་ཚུན་བར་ལྐོག་བརྡ་སྤྲོད་པ། ལག་བརྡ་གཏོང་བ། རྐང་བཙུགས་ནས་རྒྱུགས་ཤོག་དང་རྒྱུགས་ལེན་དཔྱད་གཞི་གཏོར་བརླག་གཏོང་བ་སོགས་ཀྱི་སྒྲིག་འགལ་ཡང་ཐག་གཅོད་བྱས་ཡོད།

སྒྲིག་འགལ་སློབ་མ་ཁ་ཤས་ཀྱི་ཆ་འཕྲིན་སྤྱི་བསྒྲགས་བྱས་པ།
          ཡིག་རྒྱུགས་གང་ཞིག་ཡིན་རུང་དེའི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ནས། སྒྲིག་འགལ་གྱི་གནས་ཚུལ་མི་ཐོན་པ་བྱ་དགོས།
          སློབ་སྦྱོང་བྱེད་པའི་མཐར་ཐུག་གི་དམིགས་འབེན་ནི། ཀུན་སྤྱོད་ཚད་ལྡན་དུ་གཏོང་བ་དང་མི་དྲང་བདེན་ཅན་ཞིག་བྱ་རྒྱུ་དེ་ཡིན་ཞིང་། དྲང་བདེན་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་བཟང་པོ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་ནང་དོན་གལ་ཆེན་ཞིག་རེད། དྲང་བདེན་ངང་ཡིག་རྒྱུགས་ནང་ཞུགས་པ་ནི་རྒྱུགས་ཞུགས་སློབ་མའི་རྩ་བའི་བླང་བྱ་དང་རྒྱུགས་ཞུགས་སློབ་མའི་བསམ་བློ་ཀུན་སྤྱོད་བྱང་ཚད་ཀྱི་མཚོན་རྟགས་གལ་ཆེན་ཞིག་རེད་ལ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་བང་རིམ་ཁྲོད་བཙན་གནོད་བྱེད་མི་རུང་བའི་དམར་ཐིག་ཅིག་ཀྱང་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།