དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

“ཕྲུ་གུ་མགོ་ཆེའི”གྱོད་དོན་དེ་མྱུལ་ཞིབ་བྱ་རྒྱུའི་བརྡ་སྦྱོར་བཏང་བ།

སྤེལ་དུས 2021-01-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
           ཚེས18ཉིན་ཧྥུ་ཅན་ཀྲང་ཀྲོའུ་གྲོང་ཁྱེར་གྱི“ཨོའུ་ཨའེ་ནད་འབུ་འགོག་བཅོས་ངོ་སྣུམ”(欧艾抑菌霜)དོན་རྐྱེན་ཐག་གཅོད་ལས་དོན་ཚོ་ཆུང་གིས“ཨོའུ་ཨའེ་ནད་འབུ་འགོག་བཅོས་ངོ་སྣུམ(欧艾抑菌霜)གྱི་དོན་རྐྱེན་ལ་བརྟག་དཔྱད་དང་ཐག་གཅོད་བྱས་པའི་སྐོར་ནས་བརྡ་སྦྱོར”བཏང་བ་རེད། 
           བརྡ་སྦྱོར་གྱི་ནང་དུ་མིག་སྔའི་ཐོན་རྫས་ལ་ཞིབ་བཤེར་ཚད་ལེན་བྱས་པའི་མཇུག་འབྲས་དང་བརྟག་དཔྱད་བྱས་པ་གཞིར་བཟུང་ན། ཨོའུ་ཨའེ་ཕྲུ་གུའི་(欧艾婴童)བདེ་སྐྱོང་མཁོ་ཆས་ཚད་ཡོད་ཀུང་སིས་ཐོན་རྫས་རྫུན་མ་ཐོན་སྐྱེད་དང་ཕྱིར་ཚོང་བྱས་པའི་ཉེས་པ་བསགས་ཡོད། སྤྱི་བདེ་ལས་ཁུངས་ཀྱིས་གྱོད་དོན་ལ་མྱུལ་ཞིབ་བྱས་པ་མ་ཟད། འབྲེལ་ཡོད་དོགས་ཡོད་ཉེས་ཅན་ལ་ཉེས་དོན་བཙན་ཤེད་ཀྱི་བྱ་ཐབས་སྤྱད་པ་དང་། འཕྲོད་བསྟེན་བདེ་ཐང་ལས་ཁུངས་ཀྱིས་ཁྲིམས་ལྟར་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི《དུག་སེལ་ཐོན་རྫས་ཐོན་སྐྱེད་ཁེ་ལས་ཀྱི་འཕྲོད་བསྟེན་ཆོག་འཐུས་ལག་ཁྱེར》རྩིས་མེད་དུ་གཏོང་རྒྱུ་ཡིན་ལ། ཁྲོམ་རའི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཁྲིམས་ལྟར་གྱོད་དོན་དང་འབྲེལ་བའི་ཁེ་ལས་ཀྱི་ཚོང་གཉེར་ལག་ཁྱེར་རྩིས་མེད་དུ་གཏོང་རྒྱུ་ཡིན་ཞེས་འཁོད་ཡོད།
           བརྡ་སྦྱོར་གྱི་ནང་དུ་ད་དུང་ཀྲང་ཀྲོའུ་གྲོང་ཁྱེར་གྱིས་གྱོད་དོན་མྱུལ་ཞིབ་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས། ཁྲིམས་ལྟར་མཐའ་གཅིག་ཏུ་གྱོད་གཞི་དང་འབྲེལ་བའི་ཁེ་ལས་དང་དེའི་འབྲེལ་ཡོད་མི་སྣར་ཞིབ་བཤེར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།