དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

གྲོང་སྡོད་ལས་དོན་མི་སྣའི་འཚོ་བ་དང་ལས་ཀའི་གླ་ཕོགས་འཕར་འདུག

སྤེལ་དུས 2021-02-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
           གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིའི་འཚོ་བའི་ཆུ་ཚད་མཐོ་རུ་བཏང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་དོན་ཐོག་ཏུ་ནན་ཏན་འཁྱོལ་བ་ཡོང་ཆེད།  བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་།  བོད་རང་སྐྱོང་ལྗོངས་ལེགས་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་འགོ་ཁྲིད་ཚོ་ཆུང་གཞུང་དོན་ཁང་གིས《གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིའི་འཚོ་བའི་ཁ་གསབ་ཚད་གཞི་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་སྦྱོར》པར་འགྲེམས་བྱས་པ་རེད།
           2021ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིའི་འཚོ་བའི་ཁ་གསབ་ཚད་གཞི་ལེགས་བཅོས་བྱས་པ་གཤམ་གསལ་ལྟར་ཡིན།
           རིགས་གཉིས་པའི་ས་ཁུལ་དུ་ཉིན་རེ་མི་རེར་སྒོར52.5ཡིན་པ་ནས་ཉིན་རེ་མི་རེར་སྒོར70བར་མཐོ་རུ་གཏོང་རྒྱུ།
           རིགས་གསུམ་པའི་ས་ཁུལ་དུ་ཉིན་རེ་མི་རེར་སྒོར70.2ཡིན་པ་ནས་ཉིན་རེ་མི་རེར་སྒོར90བར་མཐོ་རུ་གཏོང་རྒྱུ།
           རིགས་བཞི་པའི་ས་ཁུལ་དུ་སྨི5000མན་དུ་ཉིན་རེ་མི་རེར་སྒོར88.8ཡིན་པ་ནས་ཉིན་རེ་མི་རེར་སྒོར110བར་མཐོ་རུ་གཏོང་རྒྱུ།
           རིགས་བཞི་པའི་ས་ཁུལ་དུ་སྨི5000(སྨི5000ཚུད་པ)ཡན་དུ་ཉིན་རེ་མི་རེར་སྒོར92ཡིན་པ་ནས་ཉིན་རེ་མི་རེར་སྒོར120བར་མཐོ་རུ་གཏོང་རྒྱུ།
           གྲོང་སྡོད་ཀྱི་འཚོ་བའི་ཁ་གསབ་ཚད་གཞི་ལེགས་བསྒྲིགས་བྱས་པ་དེས་གྲོང་སྡོད་ལས་དོན་མི་སྣའི་འཚོ་བ་དང་ལས་ཀའི་གླ་ཕོགས་སྔར་བས་ཇེ་ལེགས་སུ་ཕྱིན་པ་དང་།  གྲོང་སྡོད་ལས་བྱེད་པའི་ལས་སྒྲུབ་ཀྱི་སྤྲོ་སེམས་འཕེལ་བར་བྱས་པས་གྲོང་སྡོད་ལས་བྱེད་པར་སྐུལ་ལྕག་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་བཏང་ཞིང་།  གྲོང་ཚོར་བཅའ་སྡོད་ལས་བྱེད་པས་དབུལ་སྐྱོར་འཐབ་ས་དང་པོར་ལས་སྒྲུབ་ལས་གཏོད་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ་ལ་དོན་སྙིང་གལ་ཆེན་ལྡན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།