དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཁ་རས་འདི་རིགས་མ་ཉོས་ན་ལེགས།

སྤེལ་དུས 2021-02-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          དཔྱིད་གསར་དུས་ཆེན་རིང་། (福)ཧྥུའུ་ཞེས་པའི་རྒྱ་ཡིག་དང་། གཞན་ད་དུང་“གླང་ལོར་ལོངས་སྤྱོད་དར།” “འགུལ་རིས་གླང་།”“ཅིན་ཡོན་པའོ” སོགས་བཀྲ་ཤིས་པའི་མཚོན་དོན་གྱི་རི་མོ་དཔར་ཡོད་པའི་ཁ་རས་དམར་པོ་དག་བྲིན་ཁ་རྒྱུག་པོ་ཡོད་པ་རེད། པེ་ཅིང་གྲོང་ཁྱེར་བདེ་ཐང་སློབ་གསོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀྲི་ཤིའུ་དབྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཁ་རས་འདི་དག་ལས་ལོ་གསར་གྱི་ཉམས་སྣང་མངོན་གྱི་ཡོད་མོད། འོན་ཀྱང་དེ་དག་གིས་སྨན་སྤྱོད་ཁ་རས་ཀྱི་ཚབ་བྱེད་ཐུབ་ཀྱི་མ་རེད་ཅེས་གསུངས།

          ལྕམ་ལི་ལགས་ཀྱིས། ཁ་རས་འཚོ་བའི་མཁོ་ཆས་སུ་གྱུར་ཡོད་པ་དང་། ད་ལྟ་ལོ་གསར་གྱི་སྐབས་སུ་ཕྱི་ལོགས་སུ་འགྲོ་སྐབས་ཁ་རས་དམར་པོ་བརྒྱབ་ན་དུས་ཆེན་གྱི་བཀྲ་ཤིས་པའི་རྣམ་པ་མངོན་གྱི་འདུག་ཅེས་དང་། ཁོ་མོས་ལོ་གསར་གྱི་གོང་དུ་ཆེད་མངགས་ཁ་རས་དམར་པོ་ཁུག་མ་གཉིས་ཉོས་པ་ཡིན་ཞེས་གསུངས། 
          གློག་རྡུལ་ཚོང་དོན་སྟེགས་བུའི་ཐོག ལོ་གསར་གྱི་ཁ་རས་ཞེས་གཏགས་ཚེ་དེ་འབྲེལ་གྱི་ཚོང་ཟོག་ཉིས་སྟོང་ལྷག་ཙམ་ཐོན་ཡོང་བ་དང་། ཚོང་ཟོག་ལ་ལའི་གསལ་བཤད་ཐོག་ད་དུང་སྨན་སྤྱོད་ཕྱི་ཚན་ཞེས་པའི་ཡི་གེ་ཡང་བྲིས་ཡོད།
          གསར་འགོད་པས་གློག་རྡུལ་ཚོང་དོན་སྟེགས་བུའི་ཐོག་ནས་ལོ་གསར་གྱི་ཁ་རས་ཞིག་ཉོས་པར། ཕྱི་ནས་བལྟས་ན་དམར་ཐིང་ཐིང་གི་ཁ་རས་དེའི་ཐོག་བེའུ་ཡི་རི་མོ་དང་དེ་བཞིན་བཀྲ་ཤིས་པའི་སྐད་ཆ་འགའ་དཔར་ཡོད་པ་དང་། རེག་ཚེ་མཐུག་པོར་སྣང་། ཚོང་པས་དེ་ནི་ཐེངས་གཅིག་རང་བཞིན་ཅན་གྱི་ཁ་རས་ཡིན་པ་ལས་སྨན་སྤྱོད་ཁ་རས་མིན་མོད། འོན་ཀྱང་དེས་འབུ་ཕྲ་དང་ཐལ་རྡུལ། ཁ་ཆུ། མེ་ཏོག་གི་རྡུལ་སོགས་འགོག་ཐུབ་ཅེས་ཟེར།

          པེ་ཅིང་གྲོང་ཁྱེར་བདེ་ཐང་སློབ་གསོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀྲི་ཤིའུ་དབྱིས་ཀྱིས། ང་ཚོས་ཁ་རས་རྒྱག་པ་ནི་ཏོག་གསར་རིམས་ནད་སྔོན་འགོག་གི་ཆེད་ཡིན། ཁ་རས་ཀྱི་ཁ་དོག་དང་དར་སྲོལ་སོགས་ཅི་ཞིག་ཡིན་ཡང་རུང་། དང་ཐོག་མར་ཁ་རས་ཀྱིས་གཞི་རྩའི་འགོག་སྲུང་ནུས་པ་ཐོན་ཐུབ་པ་དགོས། གལ་ཏེ་ཁ་རས་དེ་དག་གིས་ཚང་མའི་བདེ་ཐང་འགན་ལེན་བྱེད་མ་ཐུབ་ཚེ། དར་སྲོལ་ཆེ་བའི་ཁ་རས་དེ་དག་ནི་རྒྱན་ཆ་ཙམ་རེད་ཅེས་ངོ་སྤྲོད་གནང་འདུག 
          དེང་གི་དུས་འདིར་ནད་དུག་སྔོན་འགོག་བྱ་ཕྱིར། ཚང་མ་ཕྱི་ལ་འགྲོ་དུས་སྨན་སྤྱོད་ཁ་རས་རྒྱག་དགོས། 
          གཞན་ཡང་། ཀྲི་ཤིའུ་དབྱིས་ཀྱིས་འབྲེལ་ཡོད་སྡེ་ཁག་གིས་ཁ་རས་བཟོ་མཁན་ལས་རིགས་ཀྱི་ཆོག་འཐུས་དང་ཐོན་རྫས་ཀྱི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་ནན་པོ་བྱ་དགོས་པའི་གྲོས་འགོ་བཏོན་འདུག 
རྩོམ་སྒྲིག་པ། བདེ་སྒྲོལ།