དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ལྷ་སའི་སྐྱེས་པ་ཞིག་གིས་ཐ་མག་རྫུན་མ་བཙོངས་པས་འཛིན་བཟུང་བྱས་འདུག

སྤེལ་དུས 2021-03-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
           ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་སྐྱེས་པ་ཞིག་གིས་ཡུན་རིང་པོར་གྲོང་ཁྱེར་འདི་གར་ཐ་མག་རྫུན་མ་བཙོང་བཞིན་ཡོད་པ་ཤེས་རྟོགས་བྱུང་། 
           ཁུངས་སྣེ་འདི་ལ་གཞིགས་ནས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་མྱུར་དུ་ཧྲག་བསྡུས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་དཔང་ལེན་གྱི་ལས་ཀ་རྣམས་བསྒྲུབས། མི་དམངས་ཉེན་རྟོག་པས་ཞིབ་དཔྱད་རགས་ཙམ་བྱས་པ་བརྒྱུད་ཁུངས་སྣེ་འདི་ཧ་ལམ་དོན་དངོས་དང་ཡོངས་སུ་མཐུན། 
           [ཤ་ཚའི་དྲན་སྐུལ།]
           གཅིག ཐ་མག་རྫུན་མའི་ཁྲོད་ཀྱི་འཚིག་སྣུམ་འདུས་ཚད་ནི་ཚད་ལས་ཚབས་ཆེན་བརྒལ་ཡོད་པས་ཐ་མག་འཐེན་མཁན་གྱི་ལུས་ཕུང་ལ་གནོད་འཚེ་ཐེབས་སླ།
           གཉིས།  ཐ་མག་རྫུན་མ་ཐོན་སྐྱེད་བྱེད་སྐབས་ཀྱི་རྒྱུ་ཆ་གཞན་པའི་སྤུས་ཚད་ལ་འགན་ལེན་མི་ཐུབ་པ་དང་སྤུས་ཚད་ཧ་ཅང་ཞན་པས་རྒྱུ་ཆ་དེ་དག་གིས་མིའི་ལུས་ཁམས་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་བཟོ་སྲིད།
           གསུམ། ཐ་མག་རྫུན་མ་ལ་སྣོར་མའི་སྦགས་བཙོག་ཐེབས་སླ་བས་དུ་དུག་གི་ཞོར་སྐྱོན་ཇེ་ཆེར་འགྲོ་སྲིད།
ཐ་མག་རྫུན་མ་བཟོ་ཚོང་བྱེད་པའི་བྱ་སྤྱོད་ཐེར་འདོན་གོང་ཞུ་བྱེད་ན110དང12313ལ་ཁ་པར་གཏོང་རོགས།
རྩོམ་སྒྲིག་པ། བདེ་སྒྲོལ།