དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

བོད་ལྗོངས་ཀྱི་ཐིང་རིམ་པའི་ལས་བྱེད་པ་ཞིག་འཛིན་བཟུང་བྱས་པ།

སྤེལ་དུས 2021-04-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་སུན་པའོ་ཞང་(ཐིང་གཞོན་པའི་རིམ་པ)གིས་རྒྱུ་ནོར་ལྐོག་ཟ་བྱས་པའི་དོགས་ཡོད་གྱོད་གཞི་དེ་བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲོད་བྱས། ཉེ་སྔོན། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་རྒྱུ་ནོར་ལྐོག་ཟའི་ནག་ཉེས་བསགས་པའི་དོགས་ཡོད་ཉེས་ཅན་སུན་པའོ་ཞང་འཛིན་བཟུང་བྱ་རྒྱུ་ཐག་བཅད་པ་དང་། གྱོད་གཞི་དེ་མུ་མཐུད་ནས་སྒྲུབ་མུས་སུ་ཡོད། 
          སུན་པའོ་ཞང་གི་གནས་ཚུལ་མདོར་བསྡུས།
          སུན་པའོ་ཞང་། (孙宝祥)ཕོ། བོད་རིགས། 1962ལོའི་ཟླ9པར་སྐྱེས། ཧྲན་ཏུང་ཝུའུ་ཁྲེང་ནས་ཡིན་ཞིང་ལས་ཐོག་ཞིབ་འཇུག་སློབ་མའི་བསླབ་གནས་ཡིན། 1984ལོའི་ཟླ8པར་ལས་ཀར་ཞུགས་ཤིང་། 1994ལོའི་ཟླ4པར་ཀྲུང་གོའི་གུང་ཁྲན་ཏང་དུ་ཞུགས།
          1984ལོའི་ཟླ8པ་ནས1987ལོའི་ཟླ7པའི་བར། བོད་རང་སྐྱོང་ལྗོངས་ཆུ་ཤུར་རྫོང་ཆུ་བེད་ཅུས་རུ་ལས་ཀ་གཉེར། 
          1987ལོའི་ཟླ7པ་ནས1994ལོའི་ཟླ3པའི་བར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཕྱི་དོན་གཞུང་ལས་ཁང་དུ་ལས་ཀ་གཉེར།
          1994ལོའི་ཟླ3པ་ནས1997ལོའི་ཟླ4པའི་བར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཕྱི་དོན་གཞུང་ལས་ཁང་གི་ཕྱི་དོན་ཁོའོ་ཡི་ཁོའོ་ཀྲང་གཞོན་པའི་འགན་ཁུར།
          1997ལོའི་ཟླ4པ་ནས2000ལོའི་ཟླ10པའི་བར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཕྱི་དོན་གཞུང་ལས་ཁང་གི་ཕྱི་དོན་ཁོའོ་ཡི་ཁོའོ་ཀྲང་གི་འགན་ཁུར། 
          2000ལོའི་ཟླ10པ་ནས2002ལོའི་ཟླ8པའི་བར། བོད་རང་སྐྱོང་ལྗོངས་མལ་གྲོ་གུང་དཀར་རྫོང་ཨུའི་རྒྱུན་ཨུ་དང་སྒྲིག་ཁྲིམས་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡི་འགན་ཁུར། 
          2002ལོའི་ཟླ8པ་ནས2004ལོའི་ཟླ3པའི་བར། བོད་རང་སྐྱོང་ལྗོངས་མལ་གྲོ་གུང་དཀར་རྫོང་གི་རྫོང་དཔོན་གཞོན་པའི་འགན་ཁུར། 
          2004ལོའི་ཟླ3པ་ནས2006ལོའི་ཟླ8པའི་བར། བོད་རང་སྐྱོང་ལྗོངས་ཆུ་ཤུར་རྫོང་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་རྫོང་དཔོན་གཞོན་པའི་འགན་ཁུར། 
          2006ལོའི་ཟླ8པ་ནས2013ལོའི་ཟླ་དང་པོའི་བར། བོད་རང་སྐྱོང་ལྗོངས་ཆུ་ཤུར་རྫོང་་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་གཞོན་པའི་འགན་ཁུར། 
          2013ལོའི་ཟླ་དང་པོ་ནས2015ལོའི་ཟླ་དང་པོའི་བར། བོད་རང་སྐྱོང་ལྗོངས་ཆུ་ཤུར་རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་གཞོན་པའི(ས་ཁུལ་རིམ་པ་གཞོན་པ)འགན་ཁུར། 
          2015ལོའི་ཟླ་དང་པོ་ནས2016ལོའི་ཟླ11བར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མི་རིགས་ཆོས་ལུགས་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཅུས་ཀྲང་གཞོན་པའི(ས་ཁུལ་རིམ་པ་གཞོན་པ།)འགན་ཁུར། 
          2016ལོའི་ཟླ11པ་ནས2019ལོའི་ཟླ12པའི་བར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་ཞི་གཞོན་པའི་འགན་ཁུར།
          2019ལོའི་ཟླ12པར་ལས་འཁྱུར་ངལ་གསོ་བྱས།
རྩོམ་སྒྲིག་པ། བདེ་སྒྲོལ།