དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ར་བཟི་ནས་མོ་ཊ་བཏང་བའི་གྱོད་གཞི་ཁག་5ལ་ཁྲིམས་ཐག་བཅད་འདུག

སྤེལ་དུས 2021-05-23 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          འདི་ལོ་ནི་ར་བཟི་འཁོར་གཏོང་གི་བྱེད་སྤྱོད་ཉེས་ཁྲིམས་ཁོངས་སུ་བཅུག་ནས་ལོ་10འཁོར་བའི་ལོ་ཡིན་པས། ར་བཟི་འཁོར་གཏོང་གི་ཉེས་གསོག་ལ་རྡུང་རྡེག་ནུས་ལྡན་གཏོང་བ་དང་ཆབས་ཅིག མིག་སྔར་སྤེལ་བཞིན་པའི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ནས་དམངས་ཆེད་ཁྲིམས་འཛིན་པའི་འདུ་ཤེས་ལག་བསྟར་ཏན་ཏིག་བྱ་ཆེད། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཁྲིམས་ཁང་གིས་སྟབས་བདེའི་གོ་རིམ་བརྒྱུད་གཅིག་སྡུད་དང་ཡོངས་བསྒྲགས་ངང་ཉེན་ཆེའི་མོ་ཊ་བཏང་བའི་ཉེས་གསོག་གི་གྱོད་གཞི་ཁག་5ལ་ཞིབ་གཅོད་བྱས་པ་དང་འབྲེལ་ཁྲིམས་རར་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་རེད།

          ད་ཐེངས་ཞིབ་གཅོད་བྱས་པའི་གྱོད་གཞི་ཁག་5ཡི་ཁྲོད་གྱོད་འབྲེལ་མི་སྣའི་ཁྲག་ནང་ཨ་རག་གི་ཉིང་ཁུ་འདུས་ཚད་195.95mg/100mlནས་263.41mg/100mlབར་ཟིན་པ་དེ“མོ་ཊ་གཏོང་སྐབས་ཁྲག་ནང་ཨ་རག་གི་ཉིང་ཁུ་འདུས་ཚད་80mg/100mlཡན་ཟིན་ཚེ་ར་བཟི་འཁོར་གཏོང་གི་ཁོངས་སུ་གཏོགས་ནས། ཉེས་ཁྲིམས་ཀྱི་དོན་ཚན་བརྒྱ་དང་སུམ་ཅུ་སོ་གསུམ་གྱི་ནང་གསེས་དང་པོའི་གཏན་འབེབས་གཞིར་བཟུང་ཉེན་ཆེའི་མོ་ཊ་བཏང་བའི་ནག་ཉེས་ལ་བརྩིས་ནས་ནག་ཉེས་གཏན་འཁེལ་དང་ཆད་པ་གཅོད་རྒྱུའི”ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱི《ར་བཟི་འཁོར་གཏོང་གི་ཉེས་དོན་གྱོད་གཞི་བདག་སྤྲོད་བྱ་རྒྱུར་འཚམ་པའི་བཅའ་ཁྲིམས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་བསམ་འཆར》གྱི་གཏན་འབེབས་ལས་ཚབས་ཆེན་འགལ་ཡོད། གཞུང་གཏུག་ལས་ཁུངས་ཀྱི་གྲོས་འགོར་གཞིགས་ན། ཞུ་སྦྱོར་ཕྱི་མའི་མོས་མཐུན་ཐོབ་པ་བརྒྱུད་སྟབས་བདེའི་གོ་རིམ་སྒོ་ནས་གཅིག་སྡུད་ཐོག་ཞིབ་གཅོད་བྱས་པ་རེད། ཞུ་སྦྱོར་ཕྱི་མ་ལྔ་པོས་ཉེས་གསོག་དོན་དངོས་ལ་སྦ་གསང་མེད་པར་ངོས་ལེན་ཞུས་པ་མ་ཟད། ནག་ཉེས་དང་ཆད་པ་གང་བཅད་ཀྱང་དང་ལེན་ཞུ་རྒྱུ་ཡིན་ཞེས་བརྗོད་པས། བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མའི་ཁྲག་ནང་གི་ཨ་རག་གི་ཉིང་ཁུ་འདུས་ཚད་མི་འདྲ་བ་དང་ཉེས་གསོག་དོན་དངོས་དང་རྣམ་འགྱུར་ལ་གཞིགས་ནས། ཞུ་སྦྱོར་ཕྱི་མ་ཁག་ལ་ཟླ་བ་གསུམ་ནས་བཞིའི་བར་གྱི་བཙན་ཉར་ལས་སྐུལ་དང་། ཁྲིམས་ཆད་འགྱངས་གཅོད་ཟླ་བ་བཞི་ནས་ལྔ་བར་བྱས་པ་དང་འབྲེལ། དངུལ་ཆད་སྒོར་3000བཅད་པ་རེད། ཞུ་སྦྱོར་ཕྱི་མ་ཚང་མས་ཁྲིམས་བཅད་དང་ལེན་དང་ཞུ་གཏུག་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་བརྗོད་པ་མ་ཟད། ཁྲིམས་རར་དངུལ་ཆད་ཚང་མ་བསྐྱལ་བ་རེད།
          ཉེན་ཆེའི་མོ་ཊ་བཏང་བའི་ནག་ཉེས་ནི་སྤྱི་པའི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་དཔེ་མཚོན་གྱི་ཉེས་གསོག་གི་རིགས་ཡིན་པ་དང་། ཉེན་ཁ་ཧ་ཅང་ཆེན་པོ་ལྡན་ཞིང་ལས་འཛོལ་ཚབས་ཆེན་ཐོན་སླ་པོ་ཡོད་ལ། ཁྱིམ་ཚང་ཁྲི་སྟོང་མང་པོའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་འབྲེལ་བ་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོལ།