ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

སློང་རྟེན་མཐོན་པོ་ལེན་པ་སོགས་ཀྱི་སྲོལ་ངན་བཅོས་དགོས།

སྤེལ་དུས 2021-09-24 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
          ཚེས་22ཉིན་གསར་འགོད་པས་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། དམངས་སྲིད་པུས་ཉེ་ཆར་ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་ཧྥེ་ཞང་ཆུས་དང་། ཧྲན་ཞི་ཞིང་ཆེན་ཡུན་ཁྲེང་གྲོང་ཁྱེར་ཡན་ཧུའུ་ཁུལ། ནང་སོག་རང་སྐྱོང་ལྗོངས་ཁྲི་ཧྥེང་གྲོང་ཁྱེར་ཧུང་ཧྲན་ཆུས་སོགས་ས་ཁུལ་ཁག་17རྒྱལ་ཡོངས་ཀྱི་གཉེན་སྒྲིག་གོམས་སྲོལ་སྒྱུར་བཅོས་ཚོད་ལྟ་ཁུལ་ཁག་གཉིས་པར་གཏན་འཁེལ་བྱས་པ་རེད། ཚོད་ལྟའི་དུས་ཚོད་ནི་ལོ་3ཡིན་པ་སྟེ་2021ལོའི་ཟླ་9པ་ནས་2024ལོའི་ཟླ་9པའི་བར་ཡིན་པ་རེད། 

          ཚོད་ལྟ་ཁུལ་འདི་དག་གིས་གཉེན་སྒྲིག་བུ་བཙའི་རིག་གནས་གཞི་རྟེན་གསར་གཏོད་བྱས་ནས། གཉེན་སྒྲིག་གོམས་སྲོལ་ངན་པ་དང་རིན་གོང་མཐོ་བའི་སློང་རྟེན་ལེན་པ་སོགས་སྤྱི་ཚོགས་ཀྱི་གོམས་སྲོལ་ངན་པར་བཅོས་སྒྲིག་བྱས་ཏེ་གཉེན་སྒྲིག་ཁྱིམ་ཚང་བདེ་སྐྱིད་དང་བརྟན་བརླིང་ཡོང་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་4པར། དམངས་སྲིད་པུས་ཧོ་པེའི་ཧོ་ཅན་གྲོང་ཁྱེར་ཚུད་པའི་རྒྱལ་ཡོངས་ཀྱི་གཉེན་སྒྲིག་གོམས་སྲོལ་སྒྱུར་བཅོས་ཚོད་ལྟ་ཁུལ་15བཙུགས་ཡོད་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།