རླངས་འཁོར་ཞིག་སྐྱིད་ཆུའི་ནང་དུ་ལྷུང་རྗེས་་་་་་
སྤེལ་དུས 2021-09-27
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཟླ9པའི་ཚེས23ཉིན་གྱི་ཕྱི་དྲོར། ལྷ་སར་རླངས་འཁོར་སྐྱིད་ཆུར་ལྷུང་བའི་དོན་རྐྱེན་ཞིག་བྱུང་བ་དང་། ཆུ་ཐོག་སློབ་ཚན་སྦྱོང་བརྡར་བྱེད་བཞིན་པའི་དྲག་ཆས་ཉེན་རྟོག་གི་ཉིང་ལག་རུ་ཁག་ག་གེ་མོ་ཞིག་གི་དཔོན་དམག་ཚོས་གནས་ཚུལ་དེ་ཤེས་འཕྲལ་དུ། སྒྲིག་ཆས་དག་གང་མགྱོགས་ཀྱིས་ཁྱེར་ནས་ཡུལ་དངོས་སུ་རོགས་སྐྱོབ་བྱེད་པར་བསྐྱོད་པ་དང་། སྐར་མ26གི་རིང་དུ་མྱུར་སྐྱོབ་བྱས་པ་བརྒྱུད་ཆུ་ནང་དུ་ལྷུང་བའི་མི་གཉིས་བདེ་བླག་ངང་བསྐྱབས།
རྩོམ་སྒྲིག་པ། བདེ་སྒྲོལ།