ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

བར་སྐོར་མངག་གཏོང་ཁང་གིས་ཉེས་དོན་གྱོད་གཞི་ཞིག་རྩད་ཆོད་པ།

སྤེལ་དུས 2021-09-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་དང་པོའི་བར་སྐོར་མངག་གཏོང་ཁང་ལ་གྱོད་དོན་སྙན་སེང་ཞིག་འབྱོར་བར། ཟླ8པའི་ཚེས27ནས་ཟླ8པའི་ཚེས29ཉིན་བར་སྐྱེས་པ་ཞིག་གིས་དངུལ་སྐུར་པར་རིས་རྫུས་མ་ཞིག་སྤྱད་དེ་ཅང་སུའུ་ལམ་ན་ཡོད་པའི་གྱོད་དོན་སྙན་སེང་ཞུ་མཁན་མཱ་ཆེ་གེ་མོའི་ཚོང་ཁང་ནས་རྒྱུ་ནོར་སྒོར་ཁྲི5ལྷག་ཙམ་གཡོ་ལེན་བྱས་འདུག
          གྱོད་དོན་སྙན་སེང་འབྱོར་རྗེས་སུ་བར་སྐོར་མངག་གཏོང་ཁང་ཉེས་དོན་གྱོད་སྒྲུབ་རུ་ཁག་གིས་འཕྲལ་མར་ཉེན་རྟོག་པ་མངགས་ནས་གྱོད་གཞི་ཐོན་སར་བརྟག་དཔྱད་དང་བདེན་དཔང་ལེན་དུ་ཕྱིན། མྱུལ་ཞིབ་མི་སྣས་དང་ཐོག་གྱོད་གཞི་ཐོན་ཡུལ་དང་དེ་བཞིན་མཐའ་འཁོར་གྱི་བརྙན་མིག་གིས་ཕབ་ལེན་བྱས་པའི་བརྙན་རིས་བླངས་པ་སོགས་ལས་ཀ་འབོར་ཆེན་བྱས་པ་བརྒྱུད་མཐར་ཉེས་བསགས་དོགས་ཡོད་ཐུའུ་ཆེ་གེ་མོ་འཛིན་བཟུང་བྱས།
          བརྟག་དཔྱད་འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཐུའུ་ཆེ་གེ་མོས་ཟླ8པའི་ཚེས27ཉིན་ནས་ཟླ8པའི་ཚེས་29ཉིན་བར་སྔ་རྗེས་སུ་ཁྲེང་ཀོན་ཆུས་ཅང་སུའུ་ལམ་གྱི་ཚོང་ཁང་ཞིག་ནས་གནོད་འཚེ་ཕོག་མཁན་མཱ་ཆེ་གེ་མོར་སྔོན་ནས་གྲ་སྒྲིག་བྱས་པའི་དངུལ་སྐུར་པར་རིས་རྫུས་མ་བསྟན་པ་དང་། དེ་ནས་ཡང་དངུལ་ཁང་མི་འདྲ་བའི་བར་དུ་དངུལ་བསྐུར་ན་ནར་འགྱངས་བྱེུད་པར་ཁ་གཡར་ནས་ཐ་མག“ཧི་ཐེན་ཞ་སྦོམ་པོ་ཐུམ་མཁྲེགས་མ”ཞེས་པ་སྒམ་ནར21”དང་། ཐ་མག“ཧོང་ཧུ་ལུའུ1916སྦོམ་པོ་མ”ཞེས་པ་སྒམ་ནར10། ཐ་མག“ཐེན་ཡེ་ཧོང་ཅིན་ཡེ་སྦོམ་པོ་ཐུམ་མཁྲེགས་མ”ཞེས་པ་སྒམ་ནར་5། ཨ་རག“ཝུའུ་ལིང་ཡེ”སྒམ3བཅས་བསྡོམས་འབོར་སྒོར་ཁྲི5ལྷག་ཙམ་ཟིན་པའི་རྒྱུ་ནོར་གཡོ་ལེན་བྱས་པའི་ཉེས་བསགས་དོན་དངོས་བསྒྲུབས་པ་ངོས་ལེན་བྱས། 
          གཞན་ཡང་། མི་དམངས་ཉེན་རྟོག་པས་རྒྱུས་ལོན་ཟབ་མོ་བྱས་པ་བརྒྱུད་དོགས་ཡོད་ཉེས་ཅན་ཐུའུ་ཆེ་གེ་མོས་ད་ལོའི་ཟླ5པ་ནས་ཟླ8པའི་བར་གྱོད་གཞི་བཟོ་སྟངས་གཅིག་མཚུངས་སྤྱད་དེ། ལྷ་ས་གྲོང་ཁྱེར་གྱི་ཚོང་ཁང་ཞིག་དང་། གཡུ་ཐོག་ལམ་ཞོལ་ཡན་ཁྲོམ་གཞུང་། ལྷ་ཀླུ་ཚོ་ཆུང་གཉིས་པ་སོགས་སུ་ཁ་བསླུས་བརྒྱབ་པའི་གྱོད་གཞི8བསྒྲུབས་ནས་ཐ་མག་དང་ཨ་རག་སྣ་ཚོགས་དང་དེ་བཞིན་དབྱར་རྩྭ་དགུན་འབུ་སོགས་དངོས་པོ་གཡོ་ལེན་བྱས་པ་སྤྱིའི་རིན་ཐང་སྒོར་ཁྲི20ལྷག་ཟིན་པ་ཤེས་རྟོགས་བྱུང་།
          རྒྱུས་ལོན་བྱུང་བ་ལྟར་ན། མྱུལ་ཞིབ་མི་སྣས་ཨ་རག་ཝུའུ་ལིང་ཡེ་ཤེལ་དམ47དང་། ཐ་མག“ཧི་ཐེན་ཞ་སྦོམ་པོ་ཐུམ་མཁྲེགས་མ”སྒམ་ནར18དང་། ཐ་མག“ཐེན་ཡེ་ཧོང་ཅིན་ཡེ་སྦོམ་པོ་ཐུམ་མཁྲེགས་མ”སྒམ་ནར6འདེད་ལེན་བྱས། མིག་སྔར་དོགས་ཡོད་ཉེས་ཅན་ཐུའུ་ཆེ་གེ་མོ་ཁ་བསླུས་དོགས་ཡོད་ཉེས་ཅན་ཡིན་པས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་དེའི་བརྐུས་དངོས་འདེད་ལེན་གྱི་ལས་ཀ་སྔར་བཞིན་སྒྲུབ་ཀྱིན་ཡོད། དེར་བརྟེན་ཉེན་རྟོག་པས་རྒྱ་ཆེའི་གྲོང་མི་ཚོར་ཆ་འཕྲིན་རྫུས་མར་བརྟེན་ནས་རྒྱུ་ནོར་གཡོ་ལེན་བྱེད་པར་ཅིས་ཀྱང་དོགས་ཟོན་དང་དོ་སྣང་ཆེན་པོ་བྱ་དགོས་ལ། གལ་སྲིད་ཁ་བསླུས་ཕོག་ཚེ་མགྱོགས་པོར་ཉེན་རྟོག་པར་སྙན་སེང་ཞུས་ནས་གནོད་འཚེ་སེལ་དགོས་པར་དྲན་སྐུལ་བྱས།
རྩོམ་སྒྲིག་པ། བདེ་སྒྲོལ།