ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

དྲ་ཐོག་ཏུ་ཁྲིམས་འགལ་གྱི་གཏམ་བརྗོད་སྤེལ་མཁན་འདི་བཀག་ཉར་བྱས།

སྤེལ་དུས 2021-10-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཟླ10པའི་ཚེས8ཉིན་གྱི་ཕྱི་དྲོར། @ཧའེ་ནན་ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་སྤེལ་ནས་མེ་འགོག་ཁྲའོ་རོགས་ཀྱི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་དམའ་འབེབས་གཏོང་བའི་ཁྲིམས་འགལ་གྱི་གཏམ་བརྗོད་སྤེལ་མཁན་དྲ་དམངས“ལུའོ་ཆེ་གེ་མོ”ཉེས་དོན་བཀག་ཉར་བྱས་པ་དང་འབྲེལ་བརྟག་དཔྱད་ཀྱང་བྱས་པ་རེད།
          2021ལོའི་ཟླ10པའི་ཚེས7ཉིན་སྤྱི་བདེ་ལས་ཁུངས་ཀྱིས་མང་ཚོགས་ཀྱི་ཐེར་འདོན་དང་ལེན་བྱས་པ་དང་དྲ་དམངས“ལུའོ་ཆེ་གེ་མོས”ཞིན་ལང་པོད་འཕྲིན་ཐོག་ཏུ་མེ་འགོག་ཁྲའོ་རོགས་ཀྱི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་དམའ་འབེབས་གཏོང་བའི་ཁྲིམས་འགལ་གཏམ་བརྗོད་སྤེལ་བར་ཤུགས་རྐྱེན་ངན་པ་བཟོས་ཡོད་པས། སན་ཡ་གྲོང་ཁྱེར་སྤྱི་བདེ་ཅུས་ཅི་དབྱང་ཡན་ལག་ཅུས་ཀྱིས་ཉིན་དེར་ཁྲིམས་ལྟར་ལུའོ་ཆེ་གེ་མོ(ཕོ། ཧུའུ་ནན་ཁྲང་ཧྲ་ནས་ཡིན། ལོ40། ཞིན་ལང་པོད་འཕྲིན་གྱི་མིང་ལ“ལུའོ་ཆེ་གེ་མོ”ཟེར)འབོད་འགུག་བྱས་པ་དང་འབྲེལ་བརྟག་དཔྱད་ཀྱང་བྱས་པ་རེད།
          ཞིབ་བཤེར་བྱས་པ་བརྒྱུད་ལུའོ་ཆེ་གེ་མོས་པོད་འཕྲིན་ལ་བརྟེན་ནས་མེ་འགོག་ཁྲའོ་རོགས་ཀྱི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་དམའ་འབེབས་གཏོང་བའི་གཏམ་བརྗོད་སྤེལ་བའི་ཁྲིམས་འགལ་བྱ་སྤྱོད་སྤེལ་བ་སྦ་གསང་མེད་པར་ངོས་ལེན་བྱས་པ་རེད། མིག་སྔར་སན་ཡ་གྲོང་ཁྱེར་སྤྱི་བདེ་ཅུས་ཅི་དབྱང་ཡན་ལག་ཅུས་ཀྱིས“སྔོན་གཤེགས་དཔའ་བོའི་གཟི་བརྗིད་མཚན་སྙན་ལ་གནོད་འཚེ་གཏོང་བའི་དོགས་ཡོད་ཉེས་ཅན”ལུའོ་ཆེ་གེ་མོ་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་འདི་ཐག་གཅོད་བྱེད་བཞིན་པའི་སྒང་ཡིན།
          དཔའ་བོ་དང་སྔོན་གཤེགས་དཔའ་བོར་ཁྱད་གསོད་བྱེད་མི་རུང་བ་དང་། དྲ་རྒྱ་ནི་ཁྲིམས་ཕྱིའི་ས་ཆ་ཞིག་མིན་པར་དམའ་འབེབས་དང་སྐུར་འདེབས་སམ་ཡང་ན་བྱ་ཐབས་གཞན་དག་ལ་བརྟེན་ནས་སྔོན་གཤེགས་དཔའ་བོའི་མཚན་སྙན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན། རྒྱ་ཆེའི་དྲ་དམངས་རྣམས་ཀྱིས་རང་རྟོགས་ལྡན་པའི་ངང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱས་ནས་དྲ་རྒྱའི་ཁོར་ཡུག་བཟང་པོ་ཞིག་མཉམ་དུ་གཏོད་རྒྱུའི་རེ་བ་ཡོད་ཅེས་བཤད།
སན་ཡ་གྲོང་ཁྱེར་སྤྱི་བདེ་ཅུས་ཅི་དབྱང་ཡན་ལག་ཅུས་ནས།
2021ལོའི་ཟླ10པའི་ཚེས8ཉིན།