ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཉེན་རྟོག་གནས་ཚུལ་བརྡ་ཁྱབ།

སྤེལ་དུས 2021-10-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བསྟན་ཆོས་ཀྱིས་བསྒྱུར།
          ཉེ་ཆར། དྲ་ཐོག་ཏུ་དགེ་རྒན་ཞིག་གིས་སློབ་མར་གཅར་རྡུང་བྱེད་པའི་བརྙན་ཐུང་ཞིག་བརྒྱུད་བསྒྲགས་བྱས་བཞིན་འདུག  ཞིབ་བཤེར་བྱས་པ་བརྒྱུད། གནས་ཚུལ་དེ་ནི་ཆབ་མདོའི་རི་བོ་ཆེ་རྫོང་སློབ་ཆུང་དང་པོར་བྱུང་བ་རེད། ཆབ་མདོ་གྲོང་ཁྱེར་དང་། རི་བོ་ཆེ་རྫོང་གི་ཏང་ཨུད་དང་སྲིད་གཞུང་གིས་གནས་ཚུལ་དེ་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ།  གྲོང་ཁྱེར་སྒྲིག་ཨུད་དང་།   རྩ་འཛུགས། སྤྱི་བདེ། སློབ་གསོ་སོགས་ཚན་ཁག་གི་མཉམ་འབྲེལ་ལས་དོན་ཚོགས་ཆུང་འཕྲལ་དུ་མངགས་ཏེ་ཁྱོན་ཡོངས་ནས་བརྟག་དཔྱད་བྱས། མིག་སྔར་སློབ་མ་དེའི་རྨས་སྐྱོན་གྱི་གནས་ཚུལ་བརྟན་པོ་ཡིན་ལ།  གནས་ཚུལ་འདི་དང་འབྲེལ་བ་ཡོད་པའི་དགེ་རྒན་ལ་ལས་གནས་མཚམས་འཇོག་ཏུ་བཅུག་ནས་བརྟག་དཔྱད་བྱེད་བཞིན་ཡོད་ཅིང་། ཁྲིམས་དང་སྒྲིག་སྲོལ་ལྟར་བརྟག་དཔྱད་དང་ཐག་གཅོད་བྱས་པའི་གནས་ཚུལ་དེ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་རྒྱུ་རེད།
          ཉེན་རྟོག་ཕྱོགས་ཀྱིས་ དྲ་རྒྱའི་བར་སྟོང་ནི་བཅའ་ཁྲིམས་ཀྱི་ཕྱི་རོལ་དུ་གནས་ཡོད་པ་ཞིག་མིན་པས།  དྲ་ལམ་ཁག་ཏུ་དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་སྒྲོག་སྤེལ་བྱས་ནས་སྤྱི་པའི་སྒྲིག་ལམ་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་དྲན་སྐུལ་བྱས་ཤིང་། རྒྱ་ཆེའི་མང་ཚོགས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་འཕྲིན་གཏོང་བྱེད་སྒོའི“བཀག་སྡོམ་ཉི་ཤུ”དང་འབྲེལ་བའི་བརྡ་ཁྱབ》ཅེས་པ་རང་འགུལ་ངང་བརྩི་སྲུང་ཞུ་བ་དང་། བརྙན་ཐུང་རང་མོས་ལྟར་བརྒྱུད་བསྐུར་མི་བྱེད་པ་དང་དཔྱད་གཏམ་གང་བྱུང་དུ་མི་བཤད་པ།  དཀྲོག་གཏམ་མི་བཟོ་བ་དང་།  དཀྲོག་གཏམ་ལ་ཡིད་ ཆེས་མི་བྱེད་པ།  དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པ་བཅས་བྱས་ནས་རང་རྟོགས་སྒོས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བའི་རེ་བ་ཡོད་ཅེས་བཤད།
ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས།
2021ལོའི་ཟླ10ཚེས12ཉིན།

རྩོམ་སྒྲིག་པ། བདེ་སྒྲོན།