ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

མཚོ་སྔོན་གྱི་ལྐོག་ཟ་མཁན་ཅ་ཞའོ་ཀང་ལ་ལོ་བདུན་གྱི་ཁྲིམས་ཐག་བཅད།

སྤེལ་དུས 2021-10-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

       ཟླ10པའི་ཚེས12ཉིན་གྱི་སྔ་དྲོར་ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང(གཤམ་དུ“ཟི་ལིང་འབྲིང་རིམ་ཁྲིམས་ཁང”ཞེས་བསྡུ་རྒྱུ)གིས་ཁྲིམས་ལྟར་ཡོངས་བསྒྲགས་བྱས་ཏེ།  ཟི་ལིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་གཞུང་གཏུག་བྱས་པའི་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཞིབ་དཔྱོད་དཔོན་གཞོན་པ་ཅ་ཞའོ་ཀང་གིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་ཁྲིམས་ཐག་བཅད་པ་དང་། ཞུ་སྦྱོར་ཕྱི་མ་ཅ་ཞའོ་ཀང་གིས་ལྐོག་རྔན་ལེན་པའི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ལོ་བདུན་དང་འབྲེལ་དངུལ་ཆད་སྒོར་ཁྲི50བཅད་པ་རེད། 
       ཟི་ལིང་འབྲིམ་རིམ་ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད།  2015ལོ་ནས2020ལོའི་བར་ཞུ་སྦྱོར་ཕྱི་མ་ཅ་ཞའོ་ཀང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དམངས་དོན་སྲིད་འཛིན་ཞིབ་དཔྱོད་ཐིང་གི་འགོ་འཛིན་གཞོན་པ་དང་། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པ།(གནས་སྐབས་ཀྱི་ལས་གནས།) ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཐིང་དྲུག་པའི་འགོ་འཛིན་གཞོན་པ། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཞིབ་དཔྱོད་དཔོན་གཞོན་པ་སོགས་གོ་གནས་ཀྱི་དབང་ཤུགས་ལ་བརྟེན་ནས། རང་གི་འགན་དབང་དང་གོ་གནས་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་བེད་སྤྱད་དེ་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་གཞན་དག་གི་གོ་གནས་ཐོག་གི་བྱ་སྤྱོད་ལ་བརྟེན་ནས་མི་གཞན་ལ་ལས་ཀ་བཀོད་སྒྲིག་བྱས་པ་དང་། གྱོད་དོན་ཐག་གཅོད། ལས་གཞི་འགན་ལེན་སོགས་ཀྱི་ཕྱོགས་ནས་ལས་དོན་བསྒྲུབ་རྒྱུ་ཁས་ལེན་པའམ་རོགས་རམ་འདོན་སྤྲོད་བྱས་པ་བཅས་ཀྱིས་མངགས་བཅོལ་བྱེད་མཁན་གྱིས་སྤྲད་པའི་ལྐོག་དངུལ་ཁྱོན་བསྡོམས་དམངས་སྒོར་ཁྲི217.3479ལྐོག་ཟ་བྱས་པའམ་ཁྲིམས་འགལ་གྱིས་བསྡུ་ལེན་བྱས་ཡོད།

མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཞིབ་དཔྱོད་དཔོན་གཞོན་པ་ཅ་ཞའོ་ཀང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་ཁྲིམས་ཐག་གཅོད་ཡུལ།
       ཟི་ལིང་འབྲིམ་རིམ་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཅ་ཞའོ་ཀང་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་ཞིག་ཡིན་པའི་ངོས་ནས། རང་ཉིད་ཀྱི་འགན་དབང་ངམ་ཡང་ན་གོ་གནས་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་སྤྱད་དེ་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་གཞན་དག་གི་གོ་གནས་ཐོག་གི་བྱ་སྤྱོད་ལ་བརྟེན་ནས་མངགས་བཅོལ་བྱེད་མཁན་ལ་ཚུལ་མིན་གྱི་ཁེ་ཕན་རག་ཐབས་བྱས་པ་དང་། དེའི་ཁྲོད་ནས་མངགས་བཅོལ་བྱེད་མཁན་གྱིས་སྤྲད་པའི་རྒྱུ་ནོར་བླངས་པའམ་ཡང་ན་སློང་ལེན་བྱས་པའི་བྱ་སྤྱོད་དེ་ལྐོག་རྔན་ལེན་པའི་བྱས་ཉེས་སུ་བརྩིས་པ་རེད།
       ཅ་ཞའོ་ཀང་གིས་ལྐོག་རྔན་བླངས་པའི་གྲངས་འབོར་ཧ་ཅང་ཆེ་བ་མ་ཟད། ལྐོག་རྔན་ལེན་ཐེངས་མང་བས་ཉེས་ཆད་ལྕི་མོ་གཅོད་དགོས་པ་དང་། ཁྲིམས་ལ་སྦྱར་རྗེས་ཉེས་བསགས་དོན་དངོས་ཇི་བཞིན་ངོས་ལེན་བྱས་ནས་གྱོད་དོན་ཞིབ་གཅོད་ལས་ཁུངས་ཀྱིས་ད་དུང་ཁོང་དུ་ཆུད་མེད་པའི་ཉེས་བསགས་དོན་དངོས་ཁ་ཤས་རང་འགུལ་ངང་ངོས་ལེན་བྱས་པ་མ་ཟད། ཉེས་ཆད་དང་ལེན་བྱས་ཡོད་པས། ཁྲིམས་ལྟར་གུ་ཡངས་ཅུང་ཟད་ཀྱི་ཉེས་ཆད་གཅོད་རྒྱུ་དང་། ལྐོག་རྔན་བླངས་ནས་ཐོབ་པའི་དངུལ་ཚང་མ་བདའ་འདེད་བཏང་ཟིན། ཁོང་གིས་ཁྲིམས་འཛིན་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་ལྐོག་དངུལ་ཕྱིར་སློག་ཧུར་ཐག་བྱས་པའི་གནས་ཚུལ་ལ་གཞིགས་ནས་གུ་ཡངས་ཅང་ཟད་བཏང་སྟེ་ཉེས་ཆད་བཅད་ཆོག

མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཞིབ་དཔྱོད་དཔོན་གཞོན་པ་ཅ་ཞའོ་ཀང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་ཁྲིམས་ཐག་གཅོད་ཡུལ།
       ཁྲིམས་ཁང་གིས་གྱོད་གཞིའི་ཉེས་བསགས་དོན་དངོས་དང་། ངོ་བོ། ཞིབ་ཕྲའི་གནས་ཚུལ། སྤྱི་ཚོགས་ལ་གནོད་འཚེ་ཕོག་ཚད། ཞུ་སྦྱོར་ཕྱི་མ་ཅ་ཞའོ་ཀང་གི་ནག་ཉེས་ངོས་ལེན་ཞུ་བའི་རྣམ་འགྱུར་སོགས་ཕྱོགས་བསྡུས་བྱས་ནས་ཁྲིམས་ལྟར་དུས་བཀག་བཙོན་འཇུག་ལོ་བདུན་བྱས་པ་དང་འབྲེལ་དངུལ་ཆད་སྒོར་ཁྲི50བཅད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།