ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

སི་ཁྲོན་གྱིས་མི82དང་ལྐོག་དངུལ་དུང་ཕྱུར1.1བདའ་འདེད་ཕྱིར་ལེན་བྱས།

སྤེལ་དུས 2021-10-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
           ཉིན་ཤས་གོང་སི་ཁྲོན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ཀྱི་ཆེད་དོན་ལས་དོན་སྙན་ཞུ་ཐོག་མར་ཕུལ་བ་དང་། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། 2018ལོའི་ཟླ2པར་སི་ཁྲོན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་པ་ནས་བཟུང་ཁྱོན་བསྡོམས་ཕྱི་རྒྱལ་དུ་བྲོས་པའི་མི82བདའ་འདེད་བཏང་བ་དང་། དེའི་ཁྲོད་ཏང་ཡོན་དང་རྒྱལ་ཁབ་ཀྱི་ལས་དོན་མི་སྣ31ཚུད་པ་དང་དེ་དག་ལས་ལྐོག་དངུལ་སྒོར་དུང་ཕྱུར1.1ལྷག་འདེད་ལེན་བྱས་ཡོད།
           རྒྱུས་ལོན་བྱུང་བ་ལྟར་ན། སི་ཁྲོན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བྲོས་བྱོལ་སྔོན་འགོག་དང་ལྐོག་དངུལ་འདེད་ལེན་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གཅིག་གྱུར་གྱིས་འཆར་འགོད་དང་ཁོང་དུ་ཆུད་རྒྱུར་སྣང་ཆེན་བྱས་ནས་གྱོད་དོན་རེ་རེ་བཞིན་བསྒྲུབས་པ་རེད། སི་ཁྲོན་ཞིང་ཆེན་གྱི“འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་སྣ་བརྒྱ”དང་ཀྲུང་དབྱང་བྲོས་འདེད་གཞུང་ལས་ཁང་གིས་དམིགས་གསལ་ལས་སྒྲུབ་ལྟ་སྐུལ་བྱེད་པའི་གཙོ་གནད་གྱོད་གཞིར་དམིགས་ཏེ། གྱོད་དོན་རེར་ཆེད་དོན་ཚོགས་ཆུང་རེ་བཙུགས་ནས་ལས་ཀའི་ཇུས་གཞི་བཟོས་ཤིང་ཕྱིར་བྲོས་ནས་ལོ་མང་སོང་བ་དང་གྱོད་འབྲེལ་དངུལ་འབོར་མང་བ། ཤུགས་རྐྱེན་ངན་པ་བཟོ་མཁན་རུལ་སུངས་པ་ཁག་གཅིག་བདའ་འདེད་བཏང་། སི་ཁྲོན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་ཚུན་ཁྱོན་བསྡོམས་ཕྱི་རྒྱལ་དུ་བྲོས་ནས་ལོ10ཡན་སོང་བའི་ལས་ཐོག་ཉེས་བསགས་ཀྱི་དོགས་གཞི་ཡོད་པའི་རྒྱལ་ཁབ་ཀྱི་ལས་དོན་མི་སྣ20བདའ་འདེད་བཏང་སྟེ། ད་ལྟ་ཡོད་པའི་གྱོད་གཞིའི་གྲངས་ཀ་ཇེ་ཉུང་དུ་གཏོང་ཐབས་བྱས་པ་དང་། གྱོད་གཞིའི་གྲངས་ཀ་འཕར་བ་ལ་ཚོད་འཛིན་ལེགས་པོ་བྱུང་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོལ།