ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

སྒོར་དུང་ཕྱུར་756ལྷག་ཟིན་པའི་གྱོད་གཞི་ཞིག་རྩད་ཆོད་པ།

སྤེལ་དུས 2021-10-20 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཉེ་ཆར། གསར་འགོད་པས་ཀན་སུའུ་ཞིང་ཆེན་སྤྱི་བདེ་ཐིང་དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གིས་རྒྱུས་ལོན་བྱས་པ་ལྟར་ན། ཉེན་རྟོག་པས་གསང་བའི་དངུལ་ཁང་གི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་ཡོད་ཅིང་། ཉེས་གསོག་ཚོགས་པ5གཏོར་བརླག་བཏང་བ་དང་། ཉེས་གསོག་དོགས་ཡོད་པ་36ཁྲིམས་ལ་སྦྱར་ཡོད་དེ། གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་དངུལ་གྲངས་སྒོར་དུང་ཕྱུར་756ལྷག་ཟིན་ཡོད་པ་རེད།

          སྤྱི་ལོ་2019ལོའི་ཟླ་4པར། ཀན་སུའུ་ཞིང་ཆེན་སྤྱི་བདེ་ཐིང་གིས་ཁྲིམས་འགལ་གྱི་གསང་བའི་དངུལ་ཁང་ཞིག་གི་གྱོད་གཞིའི་ཁུངས་སྣེར་གཞིགས་ནས། ཆེད་དོན་ཚོགས་ཆུང་བཙུགས་ཏེ་མྱུལ་ཞིབ་བྱས་པ་རེད།
          ཉེན་རྟོག་པས་ཤེས་རྟོགས་བྱུང་བ་ལྟར་ན། ལོ་གཉིས་མ་ཟིན་ཙམ་ནང་། ཉེས་གསོག་དོགས་ཡོད་པ་གཏེ་པོས་སྟངས་འཛིན་བྱས་པའི་ཕྱི་དངུལ་ཉོ་ཚོང་གི་རྩིས་ཐོའི་ཉོ་ཚོང་མ་དངུལ་སྒོར་དུང་ཕྱུར་776ལྷག་ཙམ་ཟིན་ཞིང་། རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་དངུལ་ཁང་གི་རྩིས་ཐོ་8000ལྷག་དང་འབྲེལ་བ་ཡོད་པ་རེད། ཉེན་རྟོག་པས་མཱ་ཆེ་གེ་མོ་སོགས་གསང་བའི་དངུལ་ཁང་གི་ཉེས་གསོག་ཚོགས་པ་ལྔའི་སྒྲིག་འཛུགས་སྒྲོམ་གཞི་དང་ཁྲིམས་འགལ་ངང་ཉོ་ཚོང་བྱས་པའི་གྱོད་འབྲེལ་རྩིས་ཁྲ་ཞིབ་བཤེར་གསལ་པོ་བྱས་ཏེ། དེའི་ཉེས་གསོག་ཁོངས་མིའི་བྱ་སྤྱོད་སོགས་འགྲོ་འདུག་གི་རྗེས་ཤུལ་ཡང་རྩད་ཆོད་ཡོད་པ་རེད།

          སྤྱི་ལོ་2019ལོའི་ཟླ་11པར། ཀན་སུའུ་ཞིང་ཆེན་སྤྱི་བདེ་ཐིང་གིས་མི་དམངས་ཉེན་རྟོག་པ་200ལྷག་སྒྲིག་འཛུགས་བྱས་ཏེ། ས་ཆ་6ནས་ཉེས་གསོག་དོགས་ཡོད་པ་36འཛིན་བཟུང་བྱས་པ་དང་། ཉེས་གསོག་ཚོགས་པ་5གཏོར་བརླག་བཏང་ཞིང་། ཉེས་གསོག་ཁུལ་14གཙང་སེལ་བྱས་པ་རེད། 
          མིག་སྔར། ཁྲིམས་ཁང་གིས་ཉེས་གསོག་དོགས་ཡོད་པ་29ལ་འདྲི་གཅོད་དང་པོ་བྱས་ཟིན་ཞིང་ཉེས་པ་ཡོད་པའི་ཁྲིམས་ཐག་བཅད་ཡོད་པ་རེད།  
རྩོམ་སྒྲིག་པ། བདེ་སྒྲོན།