གྱོད་དཔེ་དང་པོ།
ཟླ10པའི་ཚེས22ཉིན་གྱི་སྔ་དྲོར། གཅན་ཚ་རྫོང་སྤྱི་བདེ་ཅུའུ་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ལས་དོན་སྤེལ་སྐབས་ཤེས་རྟོགས་བྱུང་བར་གཞིགས་ན། དྲ་དམངས་ཤིག་གིས་མི་གཞན་གྱི་འཁྱུག་དབྱངས་བརྩམས་ཆོས་ཀྱི(གཅན་ཚ་རྫོང་གི་ཉིང་སྐྱུར་བཤེར་འཇལ་སྐོར)འོག་ཏུ“ཏོག་གསར་ནད་པར་གཏན་ཁེལ་བྱས་ཟིན”ཞེས་བྲིས་ཡོད་པར་ཀུན་གྱིས་དོ་སྣང་བྱས་འདུག
ཞིབ་དཔྱད་བྱས་པ་བརྒྱུད། ཆ་འཕྲིན་དེ་ནི་རྫུན་ཡིན་པ་དང་དྲ་དམངས་ཀྲུའུ་ཆེ་གེ་མོས(མོ།ད་ལོ་ལོ11)ཁྱབ་སྤེལ་བྱས་པ་རེད། ཀྲུའུ་ཆེ་གེ་མོ་ནི་ནར་མ་སོན་པའི་མི་ཡིན་པས། གཅན་ཚ་རྫོང་སྤྱི་བདེ་ཅུའུ་ཡིས་མོའི་ལྟ་སྐྱོང་བའམ་ཁྱིམ་བདག་ལ་སྐྱོན་བརྗོད་སློབ་གསོ་བཏང་སྟེ། རང་གི་བྱིས་པར་དོ་དམ་ནན་མོ་བྱ་དགོས་པའི་སྐུལ་མ་བཏང་བ་བརྒྱུད། ཀྲུའུ་ཆེ་གེ་མོ་དང་མོའི་ལྟ་སྐྱོང་པས་རང་ངོས་ཀྱི་ནོར་འཁྲུལ་ངོས་ཟིན་ཏེ། འཕྲལ་མར་འབྲེལ་ཡོད་ཀྱི་གླེང་བརྗོད་བསུབ་པ་རེད།
གྱོད་དཔེ་གཉིས་པ།
ཟླ10པའི་ཚེས22ཉིན་གྱི་སྔ་དྲོར། གཅན་ཚ་རྫོང་སྤྱི་བདེ་ཅུའུ་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ལས་དོན་སྤེལ་སྐབས། དྲ་དམངས་ཤིག་གིས“བརྙན་ཐུང་ཞིག་གི་སྟེང་དུ་གཅན་ཚ་རྫོང་ནས་ཏོག་གསར་ནད་པ་གཉིས་བྱུང་ཡོད”ཅེས་པ་འབྲེལ་ཡོད་ནང་དོན་ཡིན་པའི་འཁྱུག་དབྱངས་བརྩམས་ཆོས་སྤེལ་བ་དང་། འཁྱུག་དབྱངས་དེར་མི་གྲངས་མང་བ་དང་ཁྱབ་རྒྱ་ཆེ་བས་ཀུན་གྱིས་དོ་སྣང་བྱས་འདུག་པ་ཤེས་རྟོགས་བྱུང་།
ཞིབ་དཔྱད་བྱས་པ་བརྒྱུད། ཆ་འཕྲིན་དེ་ནི་རྫུན་ཡིན་ལ། དྲ་དམངས་དེའང་ཟི་ལིང་གྲོང་ཁྱེར་གྱི་ཐད་གཏོང་བྱེད་མཁན་ཞིག་ཡིན་པས། གཅན་ཚ་རྫོང་སྤྱི་བདེ་ཅུའུ་ཡིས་རྫོང་དྲ་འཕྲིན་གཞུང་ལས་ཁང་ལ་ཁྱབ་བརྡ་བཏང་བ་དང་འབྲེལ། གཏོགས་ཁོངས་དྲ་འཕྲིན་སྡེ་ཁག་དང་མཐུན་སྦྱོར་བྱས་ནས་དེའི་ཐད་བརྟག་དཔྱད་བྱས།
མིག་སྔར། བརྩམས་ཆོས་བསུབས་ཟིན་པ་དང་ཁོངས་གཏོགས་ཁུལ་གྱི་དྲ་འཕྲིན་སྡེ་ཁག་གིས་དྲ་དམངས་དེ་ལ་གོམ་གང་མདུན་སྤོས་སྒོས་ཐག་གཅོད་བྱེད་བཞིན་མཆིས།
ཉེན་རྟོག་པའི་དྲན་སྐུལ།
དྲ་རྒྱའི་བར་སྟོང་ནི་ཁྲིམས་མེད་ལུགས་མེད་ཀྱི་གནས་ཤིག་མིན་པས། དྲ་ཐོག་ཏུ་ཆ་འཕྲིན་དང་གཏམ་བརྗོད་སྤེལ་སྐབས་ཁྲིམས་ལུགས་ལ་བརྩི་སྲུང་བྱ་དགོས། དཀྲོག་གཏམ་བརྒྱུད་བསྒྲགས་དང་ཁྱབ་སྤེལ་སོགས་བྱས་ཏེ་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུགས་པའི་ཁྲིམས་འགལ་བྱ་སྤྱོད་བཟོས་ན། ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ནས་རྒྱ་ཡན་དུ་གཏན་ནས་གཏང་རྒྱུ་མིན། རྒྱ་ཆེའི་དྲ་དམངས་ཚོས་རང་འགུལ་ངང་དྲ་རྒྱའི་དཀྲོག་གཏམ་བཀག་འགོག་དང་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་བརྒྱུད་སྐུར་མི་བྱེད་པ་བཅས་བྱས་ཏེ། ཐུན་མོང་སྒོས་བདེ་ཐང་གི་དྲ་རྒྱའི་ཁོར་ཡུག་ལ་སྲུང་སྐྱོང་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་ཧུར་ཐག་བྱ་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།