ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ནོར་རྐུན་བཟུང་ནས་ཁྲིམས་ལ་སྦྱར།

སྤེལ་དུས 2021-10-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
         2021ལོའི་ཟླ10པའི་ཚེས19ཉིན། མལ་གྲོ་གུང་དཀར་རྫོང་མོན་པ་ཞང་དུ་བརྐུ་འཕྲོག་བྱེད་པའི་གྱོད་གཞི་ཞིག་བྱུང་ལ། དོགས་ཡོད་ཉེས་ཅན་གྱིས་ནོར་གནག་གཉིས་བཤས་རྗེས་ཤ་བརྐུས་ནས་སོང་བ་རེད། ནོར་མགོ་དང་། ཀོ་བ། ནང་ཁྲོལ་སོགས་ཕྱིར་དབྱུག་པ་རེད། གྱོད་གཞི་དེའི་ངོ་བོ་ཧ་ཅང་མི་ལེགས་པས། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཁྲོད་དུ་ཤུགས་རྐྱེན་ངན་པ་བཟོས་པ་དང་། སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་གྲུབ་འབྲས་ལྡན་པའི་ལས་དོན་འབོར་ཆེན་བསྒྲུབ་པ་བརྒྱུད་དོགས་ཡོད་ཉེས་ཅན་ངོས་བཟུང་བ་དང་། བརྐུས་ཟིན་པའི་ཤ་རྒྱ་མ200ལྷག་ཙམ་ཕྱིར་བླངས། མལ་གྲོའི་སྤྱི་བདེའི་སྣང་བརྙན་ལ་སྲུང་སྐྱོབ་ཡག་པོ་བྱས་པ་དང་། བཅའ་ཁྲིམས་ཀྱི་དབང་གྲགས་མངོན་པར་བྱས་ལ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ངེས་པ་དོན་གྱིས་འགན་ལེན་བྱས།

         གྱོད་དོན་བྱུང་རྗེས་སུ། མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། གྱོད་གཞི་སྒྲུབ་མཁན་གྱི་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་རིན་དོད་གང་རུང་ལ་མི་བལྟ་བར། གྱོད་གཞི་རྩད་ཆོད་ནས་དུས་ཚོད་ཐུང་ཤོས་ནང་ཉེས་ཅན་པ་ཁྲིམས་ལ་སྦྱོར་བ་དང་། གནོད་འཚེ་ཐེབས་མཁན་མང་ཚོགས་ཀྱི་དཔལ་འབྱོར་གྱོང་གུན་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         གྱོད་དོན་བྱུང་རྗེས་སུ། གྱོད་སྒྲུབ་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་དབྱེ་ཞིབ་ཞིབ་ཚགས་བྱས་ཏེ། དོགས་ཡོད་ཉེས་ཅན་ཨ་ཆེ་གེ་མོ་དང་པོ་ཆེ་གེ་མོ་ངོས་བཟུང་། མི་དམངས་ཉེན་རྟོག་པས་ད་དུང་བརྟག་དཔྱད་དང་བཅར་འདྲི་བྱས་པ་བརྒྱུད་དོགས་ཡོད་ཉེས་ཅན་གྱི་གཟུགས་བྱད་ཀྱི་ཁྱད་ཆོས་ཤེས་རྟོགས་བྱས་པ་མ་ཟད། མུ་མཐུད་འགྲོ་འདུག་གི་ས་གནས་སོགས་གཏན་འཁེལ་བྱས་ཏེ། མཐར་ཟླ10པའི་ཚེས21ཉིན་ཨ་ཆེ་གེ་མོ་དང་པོ་ཆེ་གེ་མོ་སོགས་དོགས་ཡོད་ཉེས་ཅན་བཞི་འཛིན་བཟུང་ཐུབ་པ་དང་། བརྐུས་ཟིན་པའི་ཤ་རྒྱ་མ200ལྷག་ཙམ་ཕྱིར་བླངས།

         ཞིབ་དཔྱད་བྱས་པར་གཞིགས་ན། ཟླ10པའི་ཚེས17ཉིན་གྱི་ཕྱི་དྲོར། ཨ་ཆེ་གེ་མོ་དང་པོ་ཆེ་གེ་མོ་སོགས་མི3མལ་གྲོ་གུང་དཀར་རྫོང་མོན་པ་ཞང་བདེ་གྲོང་ཆུ་ཚན་དུ་གཟུགས་པོ་འཁྲུ་བར་ཕྱིན། ཉིན་དེའི་མཚན་མོར་ཕྱིར་ལོག་སྐབས། རིའི་སྟེང་གི་ནོར་གནག་ལ་ལྟ་མཁན་མེད་པ་ཤེས་པའི་ནོར་གནག་གཉིས་བཤས་རྗེས་ཤ་བརྐུས་ནས་སོང་བ་རེད།
         འདྲི་གཅོད་བྱས་པ་བརྒྱུད་དོགས་ཡོད་ཉེས་ཅན་གྱིས་ཁྲིམས་འགལ་གྱི་དོན་དངོས་ལ་སྦ་གསང་མེད་པར་ངོས་ལེན་ཞུས་པ་དང་། གྱོད་འབྲེལ་མི་སྣ་གཞན་དག་འཛིན་བཟུང་བྱེད་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།