ལྷ་སའི་མཛེས་བཟོ་ལས་ཁུངས་ཤིག་གིས་དུས་ཡོལ་སྨན་རྫས་སྤྱད་པས་་་
སྤེལ་དུས 2021-11-15
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་གཅིག་གྱུར་བཀོད་སྒྲིག་གི་བླང་བྱ་ལྟར། “འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་དང་། འཕྲལ་སྒྲུབ་འཕྲལ་བཅོས། ཞིབ་བཤེར་ནན་པོ”བཅས་ཚད་གཞིར་བཟུང་སྟེ། གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་མཛེས་བཟོ་ལས་ཁུངས་ཀྱི་ཞབས་ཞུའི་རྣམ་པ་མི་ལེགས་པར་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་ཞིང་། སྨན་བཅོས་ཐད་སྤྱད་ཆོག་པའི་མཛེས་བཟོ་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་བདེ་འཇགས་ཉེན་ཁར་དོགས་ཟོན་ནུས་ལྡན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱས།
ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་དོན་མི་སྣས་སྨན་བཅོས་མཛེས་བཟོ་ཐོན་རྫས་ལ་ཞིབ་བཤེར་བྱེད་བཞིན་པ།
ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་དེ་སྨན་བཅོས་མཛེས་བཟོ་ཡོ་བྱད་དང་། སྨན་རྫས་འཁོར་རྒྱུག་བེད་སྤྱོད་ལྷུ་ཚིགས་ཀྱི་དོ་དམ་ལ་ཚད་ལྡན་ནན་པོ་བཟོ་རྒྱུ་དམིགས་ཡུལ་དུ་འཛིན་པ་དང་། དབང་པོ་བཅོས་བཟོའི་སྨན་ཁབ་རྒྱག་བྱེད་ཀྱི་ཁ་གསབ་དངོས་པོ་དང་ཐེངས་གཅིག་ཅན་གྱི་འབུ་ཕྲ་མེད་པའི་སྨན་ཁབ། སྦྲིད་སྨན་དང་དུག་གཤིས་ལྡན་པའི་སྨན་རྫས་སོགས་ཀྱི་ཐོན་རྫས་ལ་བཅོས་སྒྲིག་ནན་པོ་བྱ་རྒྱུ་གཙོ་གནད་དུ་འཛིན་པ། སྨན་བཅོས་མཛེས་བཟོ་ལས་ཁུངས་ཀྱིས་ཤོག་བྱང་དང་གསལ་བཤད་ཡི་གེའི་ཐོག་གི་མཚོན་རྟགས་བཀོད་པའི་བླང་བྱ་ལྟར་སྨན་བཅོས་ཡོ་བྱད་དང་དེ་བཞིན་དུ་སྨན་རྫས་གསོག་ཉར་བྱས་ཡོད་མེད། དུས་ལས་ཡོལ་བ་དང་ནུས་པ་ཤོར་བ། དོར་བའམ་ཡང་ན་རྒྱལ་ཁབ་ཀྱི་ལག་རྩལ་བླང་བྱ་དང་མི་མཐུན་པའི་སྨན་བཅོས་ཡོ་བྱད་བེད་སྤྱོད་བྱས་ཡོད་མེད། དུས་ཚོད་ཡོལ་བའི་སྨན་རྫས་སྤྱོད་ཀྱིན་ཡོད་མེད། ཁྲིམས་མཐུན་གྱི་ཐབས་ལམ་བརྒྱུད་ནས་སྨན་བཅོས་ཡོ་བྱད་དང་སྨན་རྫས་ཉོ་སྒྲུབ་བྱེད་ཀྱིན་ཡོད་མེད། ཚོང་ཟོག་ནང་འདྲེན་གྱི་དཔྱད་བཤེར་དང་བེད་སྤྱོད་ཟིན་ཐོ་ཚད་ལྡན་ངང་བཟོས་ཡོད་མེད་སོགས་ཀྱི་ནང་དོན་ལ་ཞིབ་བཤེར་བྱས་པ་རེད། གཞན་ཡང་སྨན་བཅོས་མཛེས་བཟོ་ཞབས་ཞུའི་བརྡ་ཁྱབ་དང་དེ་བཞིན་འབྲེལ་ཡོད་ཐོན་རྫས་ཀྱི་བརྡ་ཁྱབ་ལ་སྒྲོ་འདོགས་དང་། རྫུན་བཟོ། འཇམ་ཁྲིད་རང་བཞིན་གྱི་དྲིལ་བསྒྲགས་བཅས་བྱས་ཡོད་མེད་དང་། སྨན་བཅོས་མཛེས་བཟོ་ཞབས་ཞུའི་རིན་གོང་གསལ་བོར་བཀོད་ཡོད་མེད་སོགས་ཀྱི་བྱ་སྤྱོད་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་དང་ཚད་ལྡན་བཅོས་སྐྱོང་བྱ་རྒྱུ་རེད།
མིག་སྔའི་བར་དུ་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྱོན་བསྡོམས་སྨན་བཅོས་མཛེས་བཟོ་ལས་ཁུངས3ལ་ཞིབ་བཤེར་བྱས་པ་དང་། དེའི་རིང་ལ་སྨན་བཅོས་མཛེས་བཟོ་ལས་ཁུངས་ཀྱི་སྨན་རྫས་དང་སྨན་བཅོས་ཡོ་བྱད་གསོག་ཉར་ཚད་ལྡན་མིན་པ་དང་། ཚོང་ཟོག་ནང་འདྲེན་གྱི་དཔྱད་བཤེར་དང་ཉོ་སྒྲུབ་དཔང་ཡིག་དང་བཙོངས་འཛིན་ལེན་པའི་ལམ་ལུགས་ལག་བསྟར་ཡག་པོ་བྱུང་མེད་པ། སྨན་བཅོས་མཛེས་བཟོ་བརྡ་ཁྱབ་ཀྱི་ནང་དོན་ཐད་སྒྲོ་འདོགས་དང་། རྫུན་བཟོ། འཇམ་ཁྲིད་རང་བཞིན་གྱི་དྲིལ་བསྒྲགས་ལྡན་པ། སྨན་བཅོས་མཛེས་བཟོའི་རིན་གོང་སྤྱི་བསྒྲགས་བྱས་མེད་པ་བཅས་ཀྱི་གནས་ཚུལ་ཇི་སྙེད་ཅིག་ལ་འཕྲད་པ་ཡུལ་དངོས་ནས་བཅོས་སྒྲིག་དང་མཛུབ་ཁྲིད་ཚད་ལྡན་བྱེད་དུ་བཅུག སྨན་བཅོས་མཛེས་བཟོ་ལས་ཁུངས་ཤིག་ལ་དུས་ཚོད་ཡོལ་བའི་སྨན་རྫས་ཉར་བའི་ཁྲིམས་འགལ་གནས་ཚུལ་ཐོན་ཡོད་པས་ཁོངས་གཏོགས་ཁུལ་གྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ལ་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱ་རྒྱུར་རྩིས་སྤྲད་པ་རེད།
རྗེས་ཕྱོགས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྨན་བཅོས་མཛེས་བཟོ་ཞབས་ཞུའི་མི་ལེགས་པའི་སྣང་ཚུལ་ལ་མུ་མཐུད་ནས་བཅོས་སྒྲིག་བྱ་རྒྱུ་ཡིན་པ་དང་། སྨན་བཅོས་མཛེས་བཟོ་ཕྱོགས་ཀྱི་སྨན་རྫས་ཁྲིམས་འགལ་ངང་བཟོ་འཚོང་དང་བཀོལ་སྤྱོད། སྨན་བཅོས་མཛེས་བཟོའི་ཡོ་བྱད་ཁྲིམས་འགལ་སྒྲིག་འགལ་གྱིས་བེད་སྤྱོད་གཏོང་བའི་རིགས་ལ་རྡུང་རྡེག་ཚ་ནན་བཏང་ནས་མི་དམངས་མང་ཚོགས་ཀྱི་སྨན་སྤྱོད་ཡོ་བྱད་ཀྱི་བདེ་འཇགས་འགན་ལེན་བྱ་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།