2021ལོའི་ཟླ11པའི་ཚེས10ཉིན་གྱི་ཆུ་ཚོད22དང་སྐར་མ46ཐོག
གཞིས་ཀ་རྩེའི་འགྲིམ་འགྲུལ་ཉེན་རྟོག་པས་གྲོང་ཁུལ་ནས།
མཚན་མོར་ཆང་རག་འཐུང་སྟེ་རླངས་འཁོར་གཏོང་མཁན་ལ་ཞིབ་བཤེར་བྱེད་པའི་ལས་འགུལ་སྤེལ་སྐབས།
ཁྲིམས་འགལ་གྱི་རྣམ་པ་ཞིག་ཐོན།
སྐྱེས་པ་ཞིག་གིས་ར་བཟི་ནས་རླངས་འཁོར་བཏང་བ་དང་།
ཉེན་རྟོག་པའི་བྱ་བར་གཞོགས་འདེགས་མི་བྱེད་པར་དྲག་ཤུགས་ཀྱིས་ཁྲིམས་ལ་ངོ་རྒོལ་བྱས་ཏེ།
དོན་རྐྱེན་བྱུང་ཡུལ་ནས་འབྲོ་རྩིས་བྱས་པ་མ་ཟད།
འགྲིམ་འགྲུལ་ཉེན་རྟོག་པ་ཞིག་སྨི་བརྒྱ་ཕྲག་ཁ་ཤས་ལ་དྲུད་པ་རེད།
མཇུག་མཐར་ལུས་རྩལ་ཡན་ལག་ལམ་གྱི་ཉེ་འགྲམ་ནས།
བོད་ཟས་ཟ་ཁང་ཞིག་ཏུ་མི་དེ་འཛིན་བཟུང་བྱས་ཤིང་།
ད་ལྟ་ཉེས་དོན་བཀག་ཉར་བྱས་ཡོད།
ལས་ཆེ་གེ་མོས་གཞུང་དོན་ལ་འགོག་རྐྱེན་བཟོས་པའི་བྱས་ཉེས་བསགས་ཡོད་པས་གྱོད་དོན་ཐོ་འགོད་བྱས་པ་དང་།
གྱོད་གཞི་དེ་ད་ལྟ་གཞིས་ཀ་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ལ་རྩིས་སྤྲད།
ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་རུ་ཆེན་གྱིས།
སྔར་བས་ཞིབ་ཏུ་ཐག་གཅོད་བྱེད་བཞིན་པའི་སྒང་ཡིན།
བཅའ་ཁྲིམས་ཤེས་བྱ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པར་གཞུང་དོན་ལ་འགོག་རྐྱེན་བཟོས་པའི་བྱས་ཉེས་ནི།
བཅའ་ཁྲིམས་ལྟར་གཞུང་ཐབས་པས་ལས་འགན་སྒྲུབ་པར། དྲག་ཤུགས་དང་འཇིགས་བསྐུལ་ནས་བཀག་འགོག་བྱས་རིགས་ལ་དུས་བཀག་བཙོན་འཇུག་ལོ་གསུམ་མན་ནམ། བཙན་ཉར་ལས་སྐུལ་ལམ། དོ་དམ་ལྟ་རྟོག་གམ། ཡང་ན་དངུལ་ཆད་གཅོད་རྒྱུ།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་ཁག་གི་འཐུས་མིས་ཁྲིམས་ལྟར་འཐུས་མིའི་ལས་འགན་སྒྲུབ་པར། དྲག་ཤུགས་དང་འཇིགས་བསྐུལ་ནས་བཀག་འགོག་བྱས་རིགས་ལ་གོང་གསལ་གྱི་ནང་གསེས་དོན་ཚན་ཁག་གི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།
རང་བྱུང་གནོད་འཚེ་དང་གློ་བུར་དུ་བྱུང་བའི་དོན་རྐྱེན་ཁྲོད་རྒྱ་གྲམ་དམར་པོའི་ཚོགས་པའི་ལས་བྱེད་པ་རྣམས་ཀྱིས་ཁྲིམས་ལྟར་ལས་འགན་སྒྲུབ་པར། དྲག་ཤུགས་དང་འཇིགས་བསྐུལ་ནས་བཀག་འགོག་བྱས་རིགས་ལ་གོང་གསལ་གྱི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།
རྒྱལ་ཁབ་ཀྱི་བདེ་སྲུང་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་བདེ་སྲུང་ལས་དོན་གྱི་ལས་འགན་སྒྲུབ་པར་བསམ་བཞིན་དུ་བཀག་འགོག་བྱས་པ་དང་། དྲག་ཤུགས་དང་འཇིགས་མ་བསྐུར་ཡང་ངན་འབྲས་ཚབས་ཆེན་བཟོས་རིགས་ལ་གོང་གསལ་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།
ཁྲིམས་ལྟར་ལས་འགན་སྒྲུབ་བཞིན་པའི་མི་དམངས་ཉེན་རྟོག་པར་དྲག་ཤུགས་ཀྱིས་འཇབ་རྒོལ་བྱས་རིགས་ལ་དུས་བཀག་བཙོན་འཇུག་ལོ་གསུམ་མན་ནམ། བཙན་ཉར་ལས་སྐུལ་ལམ་ཡང་ན་དོ་དམ་ལྟ་རྟོག་གི་ཉེས་ཆད་གཅོད་རྒྱུ་དང་། མེ་མདའ་དང་འཛིན་མི་རུང་བའི་རལ་གྲི། ཡང་ན་རླངས་འཁོར་བཏང་ནས་བརྡུང་བ་སོགས་ཀྱིས་མི་ལུས་ཀྱི་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོས་རིགས་ལ་དུས་བཀག་བཙོན་འཇུག་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ།
རྩོམ་སྒྲིག་པ། བདེ་སྒྲོན།