ཞོར་ལས་བྱས་ནས་ཡོང་འབབ་གསོག་པ་ནི་བདེན་དོན་འགྱུར་མེད་ཅིག་རེད།
གླ་ཕོགས་དང་གླ་ཆ་ནི་ངལ་རྩོལ་པར་མཚོན་ན།
ཆེས་གཞི་རྩའི་ངལ་རྩོལ་ཁེ་དབང་ཞིག་ཡིན་ཀྱང་།
དངོས་ཡོད་གནས་ཚུལ་གྱི་ཁྲོད་ན།
གླ་ཕོགས་ཆད་འགྱངས་བྱེད་པའི་སྣང་ཚུལ་ཡང་ཡང་ཐོན་གྱིན་ཡོད།
ཁྱོད་ཀྱིས་གླ་ཕོགས་ཆད་འགྱངས་བྱས་ཚེ།
གང་འདྲ་བྱེད་དགོས་པ་ཤེས་སམ།
གཤམ་གྱི་བརྙན་རིས་མནན་ནས།
“མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་སྲིད་ཇུས་ཧ་གོ་བ་དང་གླ་ཕོགས་རྩིས་གསལ་པོར་རྒྱག་ཐུབ་པ”ཞེས་པའི་ཁྲོམ་གཞུང་བཅར་འདྲིའི་བརྙན་ཐུང་ལེའུ་བརྒྱད་པ་ལ་གཟིགས་ནས།
“མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཤེས་བྱ་ཀུན་བཏུས”ཞེས་པ་ལས་ཇི་ལྟར་བརྗོད་པར་གསན་པར་བྱ།
ངལ་རྩོལ་པར་གླ་ཕོགས་ཆད་འགྱངས་བྱས་ཚེ།
ངལ་རྩོལ་འགན་སྲུང་ལྟ་ཞིབ་ལས་ཁུངས་ལ་ཐེར་འདོན་དང་ཞུ་གཏུག་གམ།
ཡང་ན་ངལ་རྩོལ་མི་དོན་རྩོད་གླེང་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་ལ་འདུམ་འགྲིག་ཡོང་རེ་ཞུས་ཆོག་ལ།
མི་དམངས་ཁྲིམས་ཁང་ལ་གླ་ཕོགས་དུས་ལྟར་སྤྲོད་པའི་བཀའ་རྒྱ་གཏོང་རྒྱུའི་རེ་འདུན་ཞུས་ཀྱང་ཆོག
གླ་ཕོགས་ཆད་འགྱངས་བྱས་པའི་ཞིང་པ་ལས་བཟོ་བས།
རྒྱལ་ཡོངས་ཀྱི་གླ་ཕོགས་ཆད་འགྱངས་བྱས་པའི་ཁུངས་སྣེ་གོང་ཞུ་བྱ་བའི་སྟེགས་བུ་བརྒྱུད་དེ།
གླ་ཕོགས་ཆད་འགྱངས་བྱས་པའི་གནད་དོན་གྱི་ཁུངས་སྣེ་བཤད་ནས།
ངལ་རྩོལ་གྱི་ཐོབ་ཆའི་ཁེ་དབང་ལ་སྲུང་སྐྱོང་བྱ་དགོས་པའི་རེ་ཞུ་བྱས་ཆོག
ཨང་རྟགས་བཤེར་ནས་དྲ་ཐོག་ནས་གླ་ཕོགས་ཆད་འགྱངས་བྱས་པའི་ཁུངས་སྣེ་ཡར་ཞུ་བྱས་ཆོག
རྩོམ་སྒྲིག་པ། བདེ་སྒྲོན།