2021ལོའི་ཟླ་5ཚེས་30ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁྱི་འབྲི་ཤང་ཧྭ་སྐོར་དགོན་གྱི་དགོན་སྡེའི་སློབ་སྟོན་པ་དཔལ་ལྡན་གྱིས་གཞུང་འཁོར་དོ་དམ་གྱི་གཏན་འབེབས་ལས་འགལ་ནས་ཆང་རག་འཐུངས་རྗེས་གཞུང་འཁོར་བཏང་བས་འགྲིམ་འགྲུལ་ཉེན་རྟོག་པས་རྩད་ཆོད། བརྟག་དཔྱད་བརྒྱུད་ཆང་གིས་བཟི་ནས་རླངས་འཁོར་བཏང་རིགས་ཡིན་པའི་ཁོངས་སུ་གཏོགས། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དཔལ་ལྡན་བཀག་ཉར་ཟླ་བ་བཞི་བྱ་རྒྱུའི་ཉེས་ཆད་བཅད་པ་དང་། 2021ལོའི་ཟླ་11པར་དཔལ་ལྡན་ལ་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་བཅད།
2021ལོའི་ཟླ་4ཚེས་20ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་འདུམ་འགྲིག་མཛུབ་ཁྲིད་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀུང་ཅེ་ཡིས་ཆང་རག་འཐུངས་ནས་རླངས་འཁོར་ཆུང་གྲས་བཏང་བ་དར་ལག་རྫོང་འགྲིམ་འགྲུལ་ཉེན་རྟོག་པས་རྩད་ཆོད། བརྟག་དཔྱད་བྱས་པ་བརྒྱུད་ཆང་གིས་བཟི་ནས་རླངས་འཁོར་བཏང་བའི་ཁོངས་སུ་གཏོགས། 2021ལོའི་ཟླ་9པར་ཀུང་ཅེ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་ཀྱི་ཆད་པ་བཅད།
2021ལོའི་ཟླ་7ཚེས་14ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་བུ་བཅོལ་ཁང་གི་འགོ་གཙོ་ཡི་དམ་གྱིས་ཆང་རག་འཐུངས་ནས་རླངས་འཁོར་ཆུང་གྲས་བཏང་བ་འགྲིམ་འགྲུལ་ཉེན་རྟོག་པས་རྩད་ཆོད། བརྟག་དཔྱད་བྱས་པ་བརྒྱུད་ཆང་རག་འཐུངས་ནས་རླངས་འཁོར་བཏང་བའི་ཁོངས་སུ་གཏོགས། 2021ལོའི་ཟླ་9པར་ཡི་དམ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད།
2021ལོའི་ཟླ་7ཚེས་15ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གོང་སྟོད་ཤང་འཕྲོད་བསྟེན་ཁང་གི་འགོ་གཙོ་སངས་རྒྱས་ཀྱིས་ཆང་རག་འཐུངས་ནས་རླངས་འཁོར་ཆུང་གྲས་བཏང་བ་འགྲིམ་འགྲུལ་ཉེན་རྟོག་པས་རྩད་ཆོད། བརྟག་དཔྱད་བྱས་པ་བརྒྱུད་ཆང་རག་འཐུངས་ནས་རླངས་འཁོར་བཏང་བའི་ཁོངས་སུ་གཏོགས། 2021ལོའི་ཟླ་9པར་སངས་རྒྱས་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད།
2021ལོའི་ཟླ་7ཚེས་14ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ནང་བསྟན་མཐུན་ཚོགས་ཀྱི་ལས་བྱ་ཚེ་རྡོར་གྱིས་ཆང་རག་འཐུངས་ནས་རླངས་འཁོར་ཆུང་གྲས་བཏང་བ་འགྲིམ་འགྲུལ་ཉེན་རྟོག་པས་རྩད་ཆོད། བརྟག་དཔྱད་བྱས་པ་བརྒྱུད་ཆང་རག་འཐུངས་ནས་རླངས་འཁོར་བཏང་བའི་ཁོངས་སུ་གཏོགས། 2021ལོའི་ཟླ་9པར་ཚེ་རྡོར་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད།
2021ལོའི་ཟླ་7ཚེས་24ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་མི་རིགས་བཅའ་སྡོད་ལམ་ལུགས་སློབ་འབྲིང་གི་སློབ་སྤྱི་བཀྲ་ཤིས་ཀྱིས་ཆང་རག་འཐུངས་ནས་རླངས་འཁོར་ཆུང་གྲས་བཏང་བ་འགྲིམ་འགྲུལ་ཉེན་རྟོག་པས་རྩད་ཆོད། བརྟག་དཔྱད་བརྒྱུད་ཆང་རག་འཐུངས་ནས་རླངས་འཁོར་བཏང་བའི་ཁོངས་སུ་གཏོགས། བཀྲ་ཤིས་ལ་སྒྲིག་འགལ་གྱི་ཆད་པ་བཅད་རྗེས་ཡང་བསྐྱར་སྒྲིག་ཁྲིམས་ལས་འགལ་བས། 2021ལོའི་ཟླ་10པར་བཀྲ་ཤིས་ལ་ཏང་ནང་གི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད།
རྩོམ་སྒྲིག་པ། བདེ་སྒྲོན།