སྤྱི་སྤྱོད་རླངས་འཁོར་ཞིག་ལ་མེ་ཤོར་ནས་མི45ལྷག་རྐྱེན་ལམ་དུ་ཤོར།
སྤེལ་དུས 2021-11-24
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
པེ་ཅིང་གི་དུས་ཚོད་དེ་ཟླ11པའི་ཚེས23ཉིན་གྱི་ཆུ་ཚོད14དང་སྐར་མ44ཡི་སྐབས་སུ་པུར་ག་རི་ཡའི་མྱུར་བགྲོད་གཞུང་ལམ་ཐོག་འགྲུལ་པ52ཡོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ལ་མེ་ཤོར་ནས་ཉུང་མཐར་ཡང་མི45རྐྱེན་ལམ་དུ་ཤོར་བ་རེད།
པུར་ག་རི་ཡའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་དེ་ཟླ11པའི་ཚེས23ཉིན་གྱི་ཐོ་རེངས་ཆུ་ཚོད2པ་ཡོལ་ཏེ་ཡུན་རིང་མ་སོང་བར། པུར་ག་རི་ཡའི་སི་ཐེ་ལུའུ་མ་མྱུར་བགྲོད་གཞུང་ལམ་དུ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་བ་རེད། སུའོ་ཧྥེ་ཡ་ནས་པུའུ་ལ་ཀེ་ཡེ་ཕུའུ་ཀེ་ལེར་སྐྱོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ལ་རླངས་འཁོར་གྱི་དོན་རྐྱེན་བྱུང་ཞིང་། རླངས་འཁོར་ནང་དུ་མི52ཡོད་པ་དང་རྐྱེན་ལམ་དུ་ཤོར་བའི་ཁྲོད་དུ་ཁ་ལོ་བ་ཕུད་ད་དུང་ནར་མ་སོན་པའི་བྱིས་པ་ཡང12ཡོད། སྟབས་ལེགས་པ་ཞིག་ལ་མི7སྲོག་ཉེན་ལས་ཐར་བ་དང་འཕྲལ་མར་སྨན་ཁང་དུ་བསྐྱལ་བ་རེད།
མིག་སྔར་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ད་དུང་གསལ་པོ་ཤེས་ཀྱིན་མེད།
རྩོམ་སྒྲིག་པ། བདེ་སྒྲོན།