ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

བཏུང་བྱ་པི་ཙི་གང་ལ་སྒོར་1000དགོས་པ།

སྤེལ་དུས 2021-11-29 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
          བཏུང་ཆུ་པི་ཙི་གང་ལ་སྒོར་1000དགོས་སམ། ཟླ་11ཚེས་22ཉིན། ཧྲེན་ཀྲེང་དུ་ཚོང་ཁང་མིང་“ཡེ་ཚུའེ་ཧྲན་ཆ་རྡུལ་སིལ་ཁུ”ཞེས་པ་ཞིག་གིས་“རིན་གོང་མཐོ་བའི་བཏུང་ཆུ”ཞིག་འཚོང་པར་དྲ་གྲོགས་ཚོས་དོ་སྣང་བྱེད་ཀྱི་ཡོད། 

          དྲ་གྲོགས་ལ་ལས“གནད་དོན་མི་འདུག རིན་གོང་གསལ་པོ་བྲིས་ཡོད་ན་ཆོག་པ་རེད”ཅེས་བཤད། དྲ་གྲོགས་ལ་ལས་ཚོད་དཔག་བྱས་ན། “ཕལ་ཆེར་དེ་ནི་ཚོང་བདག་གི་ཐབས་ཇུས་ཤིག་དང་། ཚོང་གཉེར་བྱ་ཆེད་ཅིག་ཡིན་རྒྱུ་རེད”ཅེས་བཤད། 
          དེ་ལ་བཏུང་བྱ་ཚོང་ཁང་གིས་གསལ་བཤད་བྱས་རྒྱུར། “སྐྱུ་རུ་འདི་རིགས་ནང་འདྲེན་བྱེད་པར་རྒྱ་མ་གང་ལ་སྒོར་800དགོས་པ་དང་། དེའི་ཐོག་བཏུང་བྱ་བཟོ་བར་ཆུ་ཚོད་3དགོས་ལ། བཏུང་སྣོད་ནི་450mlཅན་གྱི་ཚོང་ཁང་གི་གཅེས་ནོར་གསེར་མདོག་གི་པི་ཙི་རེད ”ཅེས་ལན་བཏབ། འོ་ན། བཏུང་ཆུ་འདིའི་མ་གནས་ནི་ཚོང་བདག་གིས་བཤད་པ་ནང་བཞིན་ཡིན་ནམ། ཚེས་22ཉིན་གྱི་དགོང་མོའི་ཆུ་ཚོད་22ཡོལ་ཙམ་ལ། ཧྲེན་ཀྲེང་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་གནས་འཕྲིན་སྤེལ་ནས། མགྱོགས་མྱུར་ངང་ཡུལ་དངོས་ལ་ཞིབ་བཤེར་ལས་དོན་སྤེལ་བཞིན་ཡོད་ཅེས་བརྗོད། 
          ཚེས་26ཉིན། ཧྲེན་ཀྲེང་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་དོན་དེའི་སྐོར་གྱི་ཐོག་མའི་ཞིབ་བཤེར་བྱས་འབྲས་བརྡ་ཁྱབ་བཏང་ཡོད་པ་སྟེ། ཞིབ་བཤེར་བྱས་པར་བརྒྱུད། ཚོང་ཁང་དེའི་མ་བཅོས་རྒྱུ་ཆ་ནང་འདྲེན་བྱས་པའི་དོན་དངོས་ཀྱི་རིན་གོང་ནི་ཁྱབ་བསྒྲགས་བཏང་བའི་རིན་གོང་དང་མི་མཐུན་པས། ད་ལྟར་ཀུང་སི་དེ་ལ་ཁྱབ་བསྒྲགས་རྫུན་མ་སྤེལ་བའི་ཁྲིམས་འགལ་བྱ་སྤྱོད་ཀྱི་དོགས་གནད་ཡོད་པའི་གྱོད་ཐོ་བཀོད་དེ་རྩད་གཅོད་བྱེད་ཀྱི་ཡོད། དེའི་རྗེས་ཀྱི་ཐག་བཅད་གནས་ཚུལ་མུ་མཐུད་ནས་བརྡ་ཁྱབ་གཏོང་རྒྱུ་ཡིན་ཞེས་བརྗོད།
རྩོམ་སྒྲིག་པ། བདེ་སྒྲོན།