ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

བོད་ལྗོངས་ཀྱི་མི་སྣ་འདི་དག་གི་ཡོང་འབབ་ཇེ་མང་དུ་འགྲོ་རྒྱུ་རེད།

སྤེལ་དུས 2021-12-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཟླ11པའི་ཚེས30ཉིན། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་མཉམ་འབྲེལ་ཐོག བོད་ལྗོངས་ཀྱིས2021ལོར་ལས་འཁྱུར་ངལ་གསོའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་སླར་ཡང་ལེགས་སྒྲིག་བྱ་རྒྱུའི་བརྡ་ཐོ་བཏང་། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལས་འཁྱུར་ངལ་གསོའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཁྱབ་ཁོངས་ལེགས་སྒྲིག 2020ལོའི་ཟླ12པའི་ཚེས31ཉིན་གྱི་སྔོན་ལ་གཏན་འབེབས་ལྟར་ལས་འཁྱུར་ངལ་གསོའི་འགྲོ་ལུགས་གཉེར་བ་དང་འབྲེལ་ཟླ་རེར་གཞི་རྩའི་རྒན་གསོའི་དངུལ་བླངས་ཟིན་པའི་ཁེ་ལས་དང་རྒྱལ་ཁབ་བྱ་གཞག་ཚན་པའི་ལས་འཁྱུར་ངལ་གསོའི་མི་སྣ་ཡིན་ཞིང་། ལས་འཁྱུར་ངལ་གསོའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་ལེགས་སྒྲིག་བྱེད་པའི་དུས་ཚོད་དེ2021ལོའི་ཟླ1པའི་ཚེས1ཉིན་ཡིན་པ་རེད།

          གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལས་འཁྱུར་ངལ་གསོའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་ལེགས་སྒྲིག་བྱེད་པར་བཅད་གྲངས་ལེགས་སྒྲིག་དང་། འབྲེལ་མཐུད་ལེགས་སྒྲིག འོས་འཚམ་གཟིགས་སྐྱོང་བཅས་ཟུང་འབྲེལ་བྱེད་པའི་ཐབས་ལམ་སྤྱད་དེ། ཁེ་ལས་དང་རྒྱལ་ཁབ་བྱ་གཞག་ཚན་པའི་ལས་འཁྱུར་ངལ་གསོའི་མི་སྣའི་གནས་ཚུལ་ལ་གཞིགས་པ་ཞིག་རེད། དེའི་ནང་བཅད་གྲངས་ལེགས་སྒྲིག་ནི2020ལོའི་ཟླ12པའི་ཚེས31ཉིན་གྱི་སྔོན་ལ་གཏན་འབེབས་ལྟར་ལས་འཁྱུར་ངལ་གསོའི་འགྲོ་ལུགས་གཉེར་བ་མ་ཟད། ཟླ་རེར་གཞི་རྩའི་རྒན་གསོའི་དངུལ་ཡང་ལེན་པའི་ལས་འཁྱུར་ངལ་གསོའི་མི་སྣ་ཡིན་ཞིང་། མི་རེར་ཟླ་རེར་སྒོར27མང་དུ་གཏོང་རྒྱུ་ཡིན་པ་རེད།
        འབྲེལ་མཐུད་ལེགས་སྒྲིག་ནི་མི་རེས་ཟླ་རེར་གྲོན་དངུལ་འཇལ་བའི་ལོ་ཚད་(དངོས་སུ་གྲོན་དངུལ་འཇལ་བའི་ལོ་ཚད་དང་གྲོན་དངུལ་འཇལ་བའི་ལོ་ཚད་ལ་རྩིས་པ་ཚུད་པ། ལོ་གཅིག་མ་ལོན་པ་ལོ་གཅིག་ལྟར་བརྩི་བ།)ལོ་གཅིག་ལོན་ཐེངས་རེར་རིགས་གཉིས་པའི་ཁུལ་དུ་སྒོར1ལེགས་སྒྲིག་བྱེད་པ་དང་། རིགས་གསུམ་པའི་ཁུལ་དུ་སྒོར2ལེགས་སྒྲིག་བྱེད་པ། རིགས་བཞི་པའི་ཁུལ་དུ་སྒོར3ལེགས་སྒྲིག་བྱེད་པ། ལྗོངས་ཕྱིའི་འགན་བཅོལ་ནང་ཞུགས་མཁན་ལས་ཁུངས་ལ་སྒོར1ལེགས་སྒྲིག་བྱ་རྒྱུ་རེད། འབྲེལ་མཐུད་ལེགས་སྒྲིག་བྱེད་སྐབས་ལས་འཁྱུར་བྱེད་མཁན་རང་ཉིད་ཀྱི2020ལོའི་ཟླ12པའི་གཞི་རྩའི་རྒན་གསོའི་དངུལ(དྲོད་ལེན་གྲང་འགོག་གྲོན་དངུལ་དང་། འདས་པོའི་དུར་འཇུག་གི་ཁ་གསབ་རོགས་དངུལ། ཐེངས་གཅིག་ཅན་གྱི་འཆི་གོད་གསབ་དངུལ། འགྲིམ་འགྲུལ་འགྲོ་གྲོན། ལས་རིགས་ཀྱི་ལོ་ཕོགས་སོགས་གཞི་རྩའི་རྒན་གསོའི་དངུལ་མིན་པའི་རྣམ་གྲངས་ཚུད་མེད་པ།)གཞི་གྲངས་སུ་བྱས་ཏེ། དེའི0.2%ལྟར་མི་རེའི་ཟླ་རེར་མང་དུ་གཏོང་བའི་སྒོར་མོའི་གྲངས་ཀ་བརྩི་བ་རེད།
        འོས་འཚམ་གཟིགས་སྐྱོང་ལེགས་སྒྲིག་ནི་གོང་གསལ་གྱི་གཏན་འབེབས་ལྟར་གཞི་རྩའི་རྒན་གསོའི་དངུལ་མང་དུ་བཏང་རྗེས། 2020ལོའི་ཟླ12པའི་ཚེས31ཉིན་བར་ལོ70ཡན་དང་ལོ80མན་ཡིན་པའི་ལས་འཁྱུར་ངལ་གསོ་བྱས་ཟིན་པ་ལ་མི་རེར་ཟླ་རེར་སླར་ཡང་སྒོར30མང་དུ་གཏོང་བ་དང་། ལོ80ལ་སླེབས་པའི་ལས་འཁྱུར་ངལ་གསོའི་མི་རེར་ཟླ་རེར་སྒོར60མང་དུ་གཏོང་རྒྱུ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གཞི་རྩའི་རྒན་གསོའི་དངུལ་ལེགས་སྒྲིག་བྱེད་པར་མཁོ་བའི་མ་དངུལ་དེ་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་ཡིན་ན་ཁེ་ལས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་ནང་ནས་གཏོང་བ་དང་། རྒྱལ་ཁབ་བྱ་གཞག་ཚན་པའི་ལས་དོན་མི་སྣའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་ཡིན་ན་རྒྱལ་ཁབ་བྱ་གཞག་ཚན་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་ནང་ནས་གཏོང་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།