ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཁྱོ་ཤུག་གཉིས་ཀྱིས་འགྲོ་སྐྱོད་གསང་བས་ཉིན7རིང་བཀག་ཉར་བྱས་འདུག​

སྤེལ་དུས 2021-12-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཟླ12པའི་ཚེས5ཉིན་གསར་འགོད་པས་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེའར་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་དེའི་ཁྱོ་ཤུག་གཉིས་ཀྱིས་མན་ཀྲོའུ་ལི་ཡི་འགྲོ་སྐྱོད་གསང་ནས་དུས་ལྟར་སྙན་སེང་མ་ཞུས་པས་ཉིན7རིང་བཀག་ཉར་བྱས་པ་རེད།
          ནང་སོག་ཧུའུ་ལུན་པེའར་ཀྲ་ལན་ཐུན་གྲོང་ཁྱེར་ཀྲུང་ཧོ་གྲོང་རྡལ་གྱི་གསར་དུ་བཙུགས་པའི་གྲོང་ཚོའི་གྲོང་མི་ཚའེ་ཆེ་གེ་མོ་དང་ཝང་ཆེ་གེ་མོ་གཉིས་ནི་ཁྱོ་ཤུག་གི་འབྲེལ་བ་ཡིན་ཞིང་། ཟླ11པའི་ཚེས24ཉིན་ཁོང་གཉིས་མན་ཀྲོའུ་ལི་ནས་གསར་དུ་བཙུགས་པའི་གྲོང་ཚོར་ཕྱིར་ལོག་པ་དང་། མན་ཀྲོའུ་ལི་རུ་ཏོག་གསར་གློ་ཚད་ཀྱི་ནད་དཔེ་གཏན་འཁེལ་བྱུང་བ་ཤེས་པ་དང་འབྲེལ་ཀྲ་ལན་ཐུན་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་བརྡ་ཁྱབ་ནང་བླང་བྱ་གསལ་པོ་བཏོན་ཡོད་ནའང་། ཁོང་གཉིས་ཀྱིས་མན་ཀྲོའུ་ལི་རུ་སོང་བ་གསང་ནས་དུས་ལྟར་སྙན་སེང་མ་ཞུས་པ་དང་། རྗེས་སུ་ཀྲུང་ཧོ་གྲོང་རྡལ་མི་དམངས་སྲིད་གཞུང་གིས་གྲལ་བཤེར་ཁྲོད་ནས་ཤེས་རྟོགས་བྱུང་བ་རེད།
          འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ཚའེ་ཆེ་གེ་མོ་དང་ཝང་ཆེ་གེ་མོ་ཁྱོ་ཤུག་གཉིས་ཀྱིས་ཛ་དྲག་ཆེ་བའི་གནས་ཚུལ་འོག་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་བརྡ་ཁྱབ་ཀྱི་བླང་བྱ་ལག་བསྟར་གཏན་ནས་མ་བྱས་པས་སྤྱི་བདེ་ལས་ཁུངས་ཀྱིས་ཁོང་གཉིས་ལ་སྲིད་འཛིན་བཀག་ཉར་ཉིན7བྱ་རྒྱུ་ཡིན་པ་མ་ཟད། སྒོར500ཡི་སྲིད་འཛིན་ཆད་པ་གཅོད་རྒྱུ་རེད། མིག་སྔར་ཁོང་གཉིས་བཙན་ཤེད་ངང་གསོ་རིག་གཅིག་སྡུད་ལོགས་བཀར་ལག་བསྟར་བྱེད་དུ་བཅུག་པ་དང་། ལོགས་བཀར་དུས་ཚད་མཇུག་སྒྲིལ་རྗེས་སྲིད་འཛིན་བཀག་ཉར་གྱི་ཆད་པ་ལག་བསྟར་བྱ་རྒྱུ་རེད།
          དེ་དང་ཆབས་ཅིག་མི་དེ་གཉིས་པོའི་ཁོངས་གཏོགས་ས་ཁུལ་དེའི་ཀྲུང་ཧོ་གྲོང་རྡལ་གྱི་གསར་དུ་བཙུགས་པའི་གྲོང་ཚོའི་གྲལ་བཤེར་ལས་དོན་མཐར་ཕྱིན་བྱུང་མེད་པས། ཀྲུང་ཧོ་གྲོང་རྡལ་ཏང་ཨུད་ཀྱིས་གསར་དུ་བཙུགས་པའི་གྲོང་ཚོའི་ཧྲུའུ་ཅི་ལ་གསལ་འདེབས་གླེང་མོལ་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།