འདྲི་གཅོད་དང་པོའི་ཁྲིམས་རར་བག་གྲོས་ནག་ཉེས་ངོས་ལེན་ཞུས་པ།
སྤེལ་དུས 2021-12-08
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
2021ལོའི་ཟླ་12ཚེས་4ཉིན། ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་ནས། བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་བག་གྲོས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་ཞིབ་བྱས་ཤིང་། ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ལས་དོན་མི་སྣ་བཏང་སྟེ་གཞུང་གཏུག་ལ་རྒྱབ་སྐྱོར་བྱས་པ་དང་། ཞུ་སྦྱོར་ཕྱི་མ་བག་གྲོ་དང་དེ་བཞིན་དམིགས་འཛུགས་བྱས་པའི་དག་འབུད་བ་ཁྲིམས་རར་ཡོང་བ་རེད། ཁྲིམས་རའི་འདྲི་གཅོད་རྒྱང་ཁྲིད་བརྙན་ལམ་ནས་བྱས་པ་རེད།
ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ནག་ཉེས་ཞུ་གཏུག་བྱས་པ་སྟེ། 2006ལོ་ནས་2021ལོའི་བར་ཞུ་སྦྱོར་ཕྱི་མ་བག་གྲོས་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གི་རྫོང་དཔོན་དང་། སྐྱིད་གྲོང་རྫོང་གི་རྫོང་དཔོན་དང་རྫོང་ཨུད་ཀྱི་ཧྲུའུ་ཅི་བྱེད་རིང་། ལས་གནས་ཀྱི་སྟབས་བདེ་སྤྱད་དེ་ལས་གྲྭའི་རྣམ་གྲངས་སྤྲོད་སྐབས་ཝང་ཆེ་གེ་མོ་དང་ཀྲའོ་ཆེ་གེ་མོ་སོགས་མི་7ལ་རོགས་རམ་བྱས་ནས་ཁང་པ་སོགས་རྒྱུ་དངོས་བསྡོམས་སྒོར་ཁྲི་419ལྷག་ཙམ་བླངས་ཡོད་པས། ལྐོག་རྔན་བླངས་པའི་ནག་ཉེས་ཐོག་ནས་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས་པའི་རེ་ཞུ་བྱས་པ་རེད།
ཁྲིམས་ར་འཚོགས་སྐབས་གཞུང་གཏུག་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བཏོན་པ་དང་། ཁྲིམས་རས་ཕྱོགས་གཉིས་ཀྱིས་དཔང་རྟགས་འདོན་པ་དང་ངོ་ཐུག་ར་སྤྲོད་བྱེད་དུ་བཅུག་ཡོད། ཞུ་གཏུག་བྱེད་མཁན་དང་དག་འབུད་བྱེད་མཁན་གྱིས་ཁྲིམས་ཁང་གི་གཙོ་སྐྱོང་འོག རང་སོ་སོའི་བསམ་འཆར་གང་ལེགས་བཤད་པ་དང་ཞུ་སྦྱོར་ཕྱི་མ་བག་གྲོས་མཐའ་མའི་གསལ་ཞུ་བྱས་པ་མ་ཟད། ཁྲིམས་རའི་ཐོག་ནག་ཉེས་ངོས་ལེན་ཞུས་པ་རེད། ཁྲིམས་ར་གྲོལ་རྗེས་ཁྲིམས་ཁང་གིས་བསྐྱར་དུ་དུས་ཚོད་བདམས་ནས་དཔྱད་ཁྲ་ཁྱབ་བསྒྲགས་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།
ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་དེ་བཞིན་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་འཐུས་མི་དང་འབྲེལ་ཡོད་སྡེ་ཚན་གྱི་མི་60ལྷག་ཙམ་གྱིས་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།