ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

མཚོ་སྔོན་དུ་ལོ་15གོང་གི་མི་བསད་གྱོད་གཞི་ཞིག་རྩད་ཆོད་པ།

སྤེལ་དུས 2021-12-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

            སྤྱི་ཟླ་12པའི་ཚེས་3ཉིན། ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མེ་མདའ་བརྒྱབ་ནས་མི་བསད་པ་མ་ཟད་ལོ་15བྲོས་བྱོལ་དུ་ཕྱིན་པའི་བསམ་བཞིན་དུ་མི་བསད་པའི་གྱོད་གཞི་ཞིག་ལ་ཁྲིམས་ལྟར་འདྲི་གཅོད་དང་པོའི་ཁྲིམས་ཆད་བཅད་ཡོད་དེ། ཞུ་སྦྱོར་ཞུ་མ་ཀྲའོ་ཆེ་གེ་མོ་ཡིས་བསམ་བཞིན་དུ་མི་བསད་པའི་ནག་ཉེས་བསགས་ཡོད་པས། སྲོག་ཁྲིམས་ཀྱི་ཆད་པ་བཅད་པ་དང་། ཚེ་གང་རིང་གི་ཆབ་སྲིད་དབང་ཆ་འཕྲོག་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ལྟར། གྱོད་གཞི་དེ་བརྙན་ལམ་ཐོག་ནས་བཅད་ཁྲ་ཁྱབ་བསྒྲགས་བྱས་ཡོད།

       ཟི་ལིང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་བྱས་པ་བརྒྱུད་རྩད་ཆོད་དོན།
            སྤྱི་ལོ་2005ལོའི་ཟླ་2པའི་ཚེས་16ཉིན་གྱི་ཆུ་ཚོད་21ཡས་མས་སུ། ཞུ་སྦྱོར་ཕྱི་མ་ཀྲའོ་ཆེ་གེ་མོ་སོགས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཡང་ཅཱ་ཀྲའེ་ཡི་གནོད་འཚེ་ཕོག་མཁན་ཞའེ་ཆེ་གེ་མོས་གཉེར་བཞིན་པའི་ཚོང་ཁང་ཆུང་ཆུང་དུ་དང་ལྷན་དུ་ཞའེ་ཆེ་གེ་མོ་དང་ལྷན་དུ་ཨ་རག་འཐུང་བ་རེད། ཆུ་ཚོད་22དང་སྐར་མ་30ཙམ་གྱི་དུས་སུ། ཀྲའོ་ཆེ་གེ་མོ་སོགས་ཚོང་ཁང་ཆུང་ཆུང་ནས་ཁ་གྱེས་པ་རེད། ཆུ་ཚོད་23དང་སྐར་མ་30ཙམ་ལ་ཀྲའོ་ཆེ་གེ་མོ་སླར་ཡང་ཚོང་ཁང་ཆུང་ཆུང་དེར་ལོག་པ་དང་། དངོས་རྫས་ཉོ་བར་ཁ་གཡར་ནས་ཚོང་ཁང་ནང་འཛུལ་ཏེ་དོན་མེད་དུ་ཟིང་ཆ་བསླངས་པ་མ་ཟད། ཞའེ་ཆེ་གེ་མོ་དང་ཏིང་ཆེ་གེ་མོ་བཟའ་ཟླ་གཉིས་དང་རྩོད་པ་བརྒྱབ་པ་མ་ཟད། དེའི་བར་གསེང་དུ་ཀྲའོ་ཆེ་གེ་མོ་ཡིས་ཞའེ་ཆེ་གེ་མོའི་བྲང་ཁའི་ཕྱོགས་སུ་མེ་མདའ་བསྟུད་མར་བརྒྱབ་པས། ཞའེ་ཆེ་གེ་མོ་དེ་གར་ཚེ་ལས་འདས། ནག་ཉེས་བསགས་རྗེས། ཀྲའོ་ཆེ་གེ་མོ་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དུ་བྲོས་བྱོལ་དུ་ཕྱིན་པ་རེད། སྤྱི་ལོ་2020ལོའི་ཟླ་11པའི་ཚེས་30ཉིན་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར།
             ལོ་15གོང་གི་གྱོད་དོན་འདི་ལ་ཐག་བཅད་འདུག
            ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་བྱས་པ་བརྒྱུད་ངོས་འཛིན་བྱུང་དོན། 
            ཞུ་སྦྱོར་ཕྱི་མ་ཀྲའོ་ཆེ་གེ་མོས་ཨ་རག་འཐུང་རྗེས་དོན་མེད་དུ་དོན་དག་བཙལ་ཏེ། གནོད་འཚེ་ཕོག་མཁན་བར་རྩོད་པ་བྱུང་ཞིང་། གནོད་འཚེ་ཕོག་མཁན་གྱི་ལུས་སྟེང་དུ་བསྟུད་མར་མེ་མདའ་བརྒྱབ་སྟེ། ཁྲིམས་འགལ་ངང་མི་གཞན་གྱི་ཚེ་སྲོག་འཕྲོག བྱ་སྤྱོད་དེས་བསམ་བཞིན་དུ་མི་བསད་པའི་ནག་ཉེས་གྲུབ་ཡོད། ཞུ་གཏུག་ལས་ཁུངས་ཀྱིས་སྐྱོན་འདོན་ཞུ་གཏུག་བྱས་པའི་ཉེས་བསགས་དོན་དངོས་དང་ཉེས་མིང་དུ་གྲུབ་ཡོད། ཞུ་སྦྱོར་ཕྱི་མ་ཀྲའོ་ཆེ་གེ་མོའི་མི་གསོད་པའི་དམིགས་ཡུལ་གསལ་པོ་ཡིན་ཞིང་། མི་གསོད་པའི་རྣམ་འགྱུར་བརྟན་པ། བསམ་སྦྱོར་ངན་པ། སྤྱི་ཚོགས་ལ་གནོད་འཚེ་ཐེབས་ཤུགས་ཆེ་བ། ནག་ཉེས་ཧ་ཅང་ཚབས་ཆེན་པོ་ཡོད། ཞུ་སྦྱོར་ཕྱི་མར་སྦ་གསང་མེད་པར་གསལ་བཤད་བྱེད་པའི་ཆ་ཡོད་མོད། འོན་ཀྱང་ཁོར་ཆད་པ་ཡང་པོ་གཅོད་རྒྱུའི་ཚད་ལ་སླེབས་མེད། ཞུ་སྦྱོར་ཕྱི་མ་ཀྲའོ་ཆེ་གེ་མོ་དང་དག་འབུད་བྱེད་མཁན་གྱིས་ཆད་པ་ཇེ་ཡང་དུ་གཏོང་དགོས་པའི་དག་སེལ་དང་དག་འབུད་བྱེད་པ་དེ་གཞི་ཚུགས་མི་ཐུབ་པས་ཕྱིར་སློག་པ་དང་། གོང་གསལ་གྱི་ཁྲིམས་ཆད་བཅད་ཡོད་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོན།