ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིསAPPསྤྱད་དེ་རྒྱན་འཛུགས་ས་བཀོད་སྒྲིག་བྱེད་པའི་གྱོད་དོན་ཞིག་རྩད་ཆོད་པ།

སྤེལ་དུས 2021-12-09 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          “ཉེན་ཁ་སྔོན་འགོག་དང་མངོན་མེད་རྐྱེན་ངན་སེལ་བ། གྱོད་གཞི་འབྱུང་མཚམས་འཇོག་པ། བདེ་འཇགས་སྲུང་སྐྱོང་བྱེད་པ”བཅས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་མགོ་ཚུགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་ཁ་དང་མངོན་མེད་རྐྱེན་ངན་མང་པོ་བྱུང་བ་དང་འབྱུང་སླ་བའི་དུས་ཚིགས་ལ་དོ་སྣང་བྱས་ཐོག རྒྱན་འཛུགས་པ་དང་འབྲེལ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་།

          ཟླ11པའི་ཟླ་མགོར། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་བྱང་ཡན་ལག་ཅུས་ཀྱིས་སྐད་འཕྲིན་ལས་དྲ་དམངས་ཧུང་ཆེ་གེ་མོས་མིང་ལ“XXཡི་མཱ་ཅང”ཅེས་པའི་ལག་ཁྱེར་ཁ་པར་གྱི་རོལ་རྩེདAPPཞིག་སྤྱད་དེ། དུས་ཡུན་རིང་བོར་མི་གཞན་བསླུ་བྲིད་ཀྱིས་རོལ་རྩེད་ནང་ཞུགས་སུ་བཅུག་སྟེ། རང་ཉིད་ཀྱིས་དེའི་ཁྲོད་ནས་ཁེ་བཟང་ལེན་གྱིན་ཡོད་པས། རྒྱན་འཛུགས་ས་བཀོད་སྒྲིག་བྱེད་པའི་དོགས་གཞི་ཡོད་པ་ཤེས་རྟོགས་བྱུང་། ཉིན་མཚན་20རིང་ལ་བསྟུད་མར་འབད་པ་བྱས་པ་བརྒྱུད། མཁར་བྱང་ཡན་ལག་ཅུས་ཀྱིས་གྱོད་གཞི་དེ་རྩད་ཆོད་པ་དང་། རྩ་འཛུགས་བྱེད་མཁན་དང་རྒྱན་འཛུགས་ནང་ཞུགས་མཁན71འཛིན་བཟུང་བྱས་ཏེ། གྱོད་དོན་དང་འབྲེལ་བའི་མ་དངུལ་སྒོར་ཁྲི་30ཙམ་གཞུང་བཞེས་བྱས་པ་དང་མི་གཅིག་ཉེས་དོན་བཀག་ཉར་བྱས་པ། མི46སྲིད་འཛིན་བཀག་ཉར་བྱས་པ། མི24ལ་སྒོར་ཆད་བཅད་པ་བཅས་ཐག་གཅོད་བྱས། 

          གྱོད་གཞི་འདི་ནི་ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་དོན་དང་འབྲེལ་བ་ཡོད་པའི་མི་སྣ་མང་པའི་དྲ་རྒྱའི་རྒྱན་འཛུགས་ཀྱི་ཁྲིམས་འགལ་གྱོད་གཞི་ཞིག་ཡིན་པ་དང་། རྗེས་མརOTOཡི་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་རྡུང་རྡེག་བྱེད་པར་ཉམས་མྱོང་བསྡུ་ལེན་བྱས་ཡོད་པས། རྗེས་ཕྱོགས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་དྲ་ཐོག་དང་སྤྱི་ཚོགས་དངོས་གཉིས་ཟུང་འབྲེལ་བྱས་ཏེ་དྲ་རྒྱའི་རྒྱན་འཛུགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་མོ་བྱེད་པར་མུ་མཐུད་དུ་རྒྱུན་འཁྱོངས་བྱ་རྒྱུ་རེད།  །
རྩོམ་སྒྲིག་པ། བདེ་སྒྲོན།