རྒྱུགས་རའི་ཉེ་འཁོར་གྱི་མགྲོན་ཁང་གི་རིན་གོང་ལྡབ8ལྷག་ཙམ་འཕར་བས་་་
སྤེལ་དུས 2021-12-17
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཟླ12པའི་ཚེས15ཉིན་ཧྲན་ཏུང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་ཅི་ནན་གྱི་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་པའི་ཁང་པའི་རིན་གོང་འཕར་ཚད་ལྡབ8ལྷག་ཙམ་ཟིན་པར་དེ་དང་འབྲེལ་བ་ཡོད་པའི་མགྲོན་ཁང་ལ་ཞིབ་བཤེར་བརྒྱུད་ཐག་གཅོད་བྱས་པ་རེད། 2022ལོའི་རབ་འབྱམས་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་གཏོང་ལ་ཉེ་བའི་དབང་གིས་ཅི་ནན་ཁྲང་ཆིང་སློབ་ཆེན་གྲོང་གི་ཉེ་འགྲམ་གྱི་མགྲོན་ཁང་དུ་མགྲོན་པོ་མང་དྲགས་པས། མགྲོན་ཁང་མང་པོ་ཞིག་གི་རིན་གོང་རྒྱུན་གཏན་གྱི་སྒོར་བརྒྱ་ཕྲག་ནས་སྒོར་སྟོང་ཕྲག་བར་འཕར་བ་དང་མཐོ་ཤོས་ལ་ལྡབ་བརྒྱད་ཙམ་འཕར་ཡོད། ཧྲན་ཏུང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་ས་གནས་དེ་གས་རིན་གོང་རྒྱུན་གཏན་གྱི་ཆ་སྙོམས་རིན་གོང་གི100%ལས་བརྒལ་ཚེ། རིན་གོང་ཧམ་སྤོར་བྱས་པར་བརྩིས་ནས་ཞིབ་བཤེར་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། བརྡ་ཐོ་དེ་སྤེལ་རྗེས་གསར་འགོད་པས་མངག་ཐོའི་མཉེན་ཆས་ལ་བརྟེན་ནས་ཞིབ་དཔྱད་བྱས་པ་བརྒྱུད་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་པའི་ཁྲང་ཆིང་སློབ་ཆེན་གྲོང་དེའི་མགྲོན་ཁང་གི་རིན་གོང་རྒྱུན་གཏན་གྱི་གོང་ཚད་དུ་སླེབས་ཡོད་པ་ཤེས་རྟོགས་བྱུང་བ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།