ནོར་གནག་རྐུ་མཁན་དེ་ཚོ་འཛིན་བཟུང་བྱས་འདུག
སྤེལ་དུས 2021-12-23
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གིས་བརྟག་དཔྱད་དང་འདྲི་རྩད་བྱས་པ་བརྒྱུད་དེ། 2021ལོའི་ཟླ7པ་ནས་བཟུང་། དོགས་ཡོད་ཉེས་ཅན་ཀུན་ཆེ་གེ་མོ་དང་། ཉི་ཆེ་གེ་མོ། ཕུར་ཆེ་གེ་མོ། རྒྱལ་ཆེ་གེ་མོ། བཀྲ་ཆེ་གེ་མོ། ཚེ་ཆེ་གེ་མོ་བཅས་སྔ་རྗེས་སུ་སྣེའུ་ཁུལ་གསར་དང་། སྟོད་ལུང་བདེ་ཆེན་ཆུས། རྔ་ཆེན་ཞང་སོགས་སུ་སོང་བ་ན། ཞིང་པའི་ཁྱིམ་ཚང་ལ་སྒོ་ཕྱུགས་རི་ལ་རྒྱག་པའི་གོམས་སྲོལ་ཡོད་པ་ཤེས། ཞིང་པའི་ཁྱིམ་ཚང་གིས་སྒོ་ཕྱུགས་རི་ལ་བརྒྱབ་རྗེས་དུས་ཐོག་ཏུ་ལྷན་དུ་བསྡུ་མི་ཐུབ་པའི་གོ་སྐབས་ལ་བརྟེན་ནས། མཚན་མོར་སོང་ནས་སྟ་རེ་དང་། གྲི། ཐག་པ། ལག་ཤུབས་སོགས་སྤྱད་དེ་ཁྱིམ་ཚང་གི་ནོར་གནག་གམ་བ་གླང་བཤས་ནས་རྐང་ལག་དང་ཤའི་རིགས་ལས་ཁྱེར་མེད། མགོ་དང་ཀོ་བ། ནང་ཁྲོལ་སོགས་ས་ཆ་དེ་རང་དུ་སྦས་པ་དང་། རྗེས་སུ་ཤའི་ཁྲག་རླངས་འཁོར་ནང་ལ་བཞུར་དུ་མི་འཇུག་པའི་ཆེད་དུ། ཀུན་ཆེ་གེ་མོ་སོགས་ཀྱིས་རླངས་འཁོར་ནང་དུ་འགྱིག་རྫས་དཀར་པོ་སྲབ་མོ་ཞིག་བཏིང་ནས་ཤ་དེ་སྔོ་ཚལ་ཁྲོམ་རར་སྐྱེལ་འདྲེན་བྱས་ཏེ་བཙོང་ལ། ཁྲིམས་འགལ་གྱི་ཁེ་བཟང་སྒོར་ཁྲི24ལྷག་ཙམ་རག་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།