ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

རང་ཉིད་ཀྱི་ཕྲུ་གུ་གསོད་མཁན་དང་དེའི་དགའ་རོཊ་ལ་སྲོག་ཁྲིམས་བཅད་འདུག

སྤེལ་དུས 2021-12-30 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

           སྤྱི་ལོ་2021ལོའི་ཟླ་12ཚེས་28ཉིན། ཁྲུང་ཆིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལྔ་པས་ཞུ་སྦྱོར་ཕྱི་མ་ཀྲང་པོ་དང་ཡེ་ཁྲེང་ཁྲན་གཉིས་ཀྱིས་བསམ་བཞིན་དུ་མི་བསད་པ་དང་དེ་བཞིན་ཉེས་དོན་ཞོར་འབྲེལ་དམངས་དོན་གཏུག་བཤེར་གྱི་གྱོད་གཞིར་ཡོངས་གྲགས་སུ་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཤིང་། བསམ་བཞིན་དུ་མི་བསད་པའི་ཉེས་མིང་གིས་ཀྲང་པོ་དང་ཡེ་ཁྲེང་ཁྲེན་གཉིས་ལ་སྲོག་ཁྲིམས་བཅད་དེ་ཆབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག་བྱས་པ་དང་། ཉེས་དོན་ཞོར་འབྲེལ་དམངས་དོན་གཏུག་བཤེར་ཞུ་སྦྱོར་སྔ་མ་ཁྲེན་ཆེ་གེ་མོའི་གཏུག་བཤེར་ཕྱིར་འཐེན་རེ་ཞུར་ཁྲིམས་ལྟར་ཆོག་མཆན་འགོད་རྒྱུའི་ཁྲུན་ཐག་བཅད།
           ཁྲིམས་ཁང་གིས་ཞིབ་གཅོད་བྱས་ཤིང་། ཞུ་སྦྱོར་ཕྱི་མ་ཀྲང་པོ་དང་ཞུ་སྦྱོར་ཕྱི་མ་ཡེ་ཁྲེང་ཁྲེན་གཉིས་ཀྱིས་བློ་ཡུལ་ལས་འདས་པའི་དོན་རྐྱེན་རྫུན་བཟོས་ཐོག་ཀྲང་པོ་ཡི་ལོ་ན་མ་སོན་པའི་བྱིས་པ་གཉིས་མཐོ་ས་ནས་གཡུགས་ཏེ་ཚེ་སྲོག་ཕྲོགས་པས་ཀྲང་པོ་དང་ཡེ་ཁྲེང་ཁྲེན་གཉིས་ཀྱིས་བསམ་བཞིན་དུ་མི་བསད་པའི་བྱས་ཉེས་སུ་གྲུབ་ཡོད་པར་འདོད། གཞུང་ཕྱོགས་ལས་ཁུངས་ཀྱི་སྐྱོན་འདོན་ཞུ་གཏུག་བྱས་པའི་ཉེས་བསགས་དོན་དངོས་དང་ཉེས་མིང་གཏན་འཁེལ་བྱས་ཡོད། བྱས་ཉེས་མཉམ་བསགས་དེའི་ཁྲོད་ཡེ་ཁྲེང་ཁྲེན་གྱིས་ཀྲང་པོ་ལ་བུ་མོ་ཁྱིམ་དུ་བསུས་ནས་ཐད་ཀར་རང་གི་བུ་ཕྲུག་གཉིས་གསོད་རྒྱུའི་ཇུས་གཞི་བཀོད་ཅིང་ཀྲང་པོས་དེ་བཞིན་ཇུས་གཞི་ལག་བསྟར་བྱས་ཡོད། ཡེ་ཁྲེང་ཁྲེན་གྱིས་གནོད་འཚེ་ཕོག་མཁན་གཉིས་ཀྱི་ཚེ་སྲོག་འཕྲོག་ཐབས་སུ་རང་ཉིད་དང་ནང་མི་ཚང་མས་ཀྲང་པོ་ལ་བྱིས་པ་ཡོད་པའི་དོན་དངོས་དང་ལེན་བྱེད་མི་ཐུབ་ཚུལ་བཤད་ནས་ཐེངས་དུ་མར་ཀྲང་པོ་ལ་རང་ཉིད་ཀྱི་ཕྲུ་གུ་གཉིས་གསོད་རྒྱུའི་ངན་སྐུལ་བྱས་པ་དང་། ཀྲང་པོ་གྱི་གནས་སུ་གྱར་སྐབས་བཙན་སྐུལ་བྱས་པས་ཀྲང་པོ་དང་ནག་ཉེས་བབ་འདྲ་ཡིན། ཞུ་སྦྱོར་ཕྱི་མ་བ་གཉིས་ཀྱི་བྱ་སྤྱོད་དེ་བཅའ་ཁྲིམས་དང་། ཀུན་སྤྱོད། མི་ཆོས་ཀྱི་མཐའ་ཚད་ལས་ཡོངས་སུ་འགལ་ཡོད། ཀུན་སློང་ཐ་ཤལ་ཡིན་ཞིང་བྱ་ཐབས་གདུག་རྩུབ་ཆེ་བ་དང་། ཉེས་གསོག་གི་གནས་ཚུལ་དང་མཇུག་འབྲས། སྡིག་ཉེས་བཅས་ཧ་ཅང་ཚབས་ཆེན་ཡིན་ལ། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཧ་ཅང་ངན་པ་ཐེབས་པས་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས་པར་འདོད་པ་རེད།
           ཞུ་སྦྱོར་ཕྱི་མ་དང་གནོད་འཚེ་ཕོག་མཁན་གྱི་གཉེན་ཉེ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། སྨྱན་སྦྱོར་གསར་འགོད་པ། སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་བཅས་ཀྱིས་བཅད་ཁྲ་ཁྱབ་བསྒྲགས་ལ་ཟུར་ཉན་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།