རྒྱ་གར་གྱི་ཚོང་པ་ཞིག་གི་ཁྱིམ་ནས་དངུལ་སྨར་དུང་ཕྱུར19བརྩད་བཤེར་བྱུང་།
སྤེལ་དུས 2021-12-30
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཉེ་ཆར་རྒྱ་གར་ནོར་སྲིད་པུའུ་ནས་བསྒྲགས་དོན། བྱང་ཕྱོགས་མངའ་སྡེའི་དྲི་ཞིམ་བྱུག་ཆུའི་ཚོང་པ་ཕི་ཡིའུ་ཧྲེ·ཅ་ཨེན་ཞེས་པ་དེ་འཕྲལ་སྡོམ་ཞིབ་བཤེར་ཁྲོད་འཛིན་བཟུང་བྱས་པ་དང་། འཛིན་བཟུང་བྱས་པའི་ཉེས་མིང་ནི་ཁོས་ཁྲལ་སྐུང་ཁྲལ་ཆད་བྱས་པའི་རྐྱེན་རེད། ཁྲིམས་འཛིན་མི་སྣས་ཅ་ཨེན་གྱི་ཁྱིམ་ནས་དངུལ་རྐྱང་ལུའུ་པུའུ་སྒོར་དུང་ཕྱུར19.4(ལུའུ་པུའུ1ལ་མི་དམངས་ཤོག་སྒོར་ཧ་ལམ0.085རེད།)བརྩད་བཤེར་བྱུང་བ་དེ་དག་དངུལ་རྩིས་འཕྲུལ་ཆས17སྤྱད་ནས་རྩིས་བརྒྱབ། དངུལ་རྐྱང་ལས་གཞན་ཁྲིམས་འཛིན་མི་སྣས་ད་དུང་ཅ་ཨེན་གྱིས་ཁ་ནོ་ཅེ་ཞེས་པའི་ས་ཆར་བཙུགས་པའི་བཟོ་གྲྭའི་ས་འོག་མཛོད་ཁང་ནས་གསེར་སྤྱི་རྒྱ23དང་། དེ་བཞིན་དྲི་ཞིམ་བྱུག་རྫས་ཀྱི་འདྲེས་སྦྱོར་དངོས་རྫས་བཟོ་བའི་ཁྲིམས་འགལ་གྱི་རྒྱུ་ཆ་འབོར་ཆེན་རྙེད་པ་དང་། དེའི་ཁྲོད་དུ་ཁྲོམ་རའི་རིན་ཐང་ལུའུ་པུའུ་སྒོར་ཁྲི6000ཙམ་ཟིན་པའི་ཙན་དན་གྱི་སྣུམ་སྤྱི་རྒྱ600ལྷག་ཙམ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཅ་ཨེན་ནི་རྒྱུ་ངོམ་བྱེད་པར་དགའ་མཁན་ཞིག་མིན་པར། རྒྱུན་དུ་སྦག་སྦག་རྙིང་པ་ཞིག་བཏང་ནས་འགྲོ་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།