མཚོ་སྔོན་གྱི་ས་ཡོམ་སྐབས་སུ་བྲོས་བྱོལ་ཉེས་ཅན་ཞིག་འཛིན་བཟུང་བྱས་པ།
སྤེལ་དུས 2022-01-10
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཚེས8ཉིན་གྱི་ཆུ་ཚོད1དང་སྐར་མ45ཡི་སྟེང་དུ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མོན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་དུ་ས་ཡོམ་ཚད་རིམ6.9ཅན་ཞིག་བྱུང་བ་རེད།
ས་ཡོམ་བརྒྱབ་ནས“གཉིད་ལས་སད་པའི”ཟི་ལིང་གྲོང་ཁྱེར་གྱི་གྲོང་མི་ཚོ་གཅིག་རྗེས་གཉིས་མཐུད་ངང་ཁྲོམ་གཞུང་དུ་ཉེན་གཡོལ་བྱེད་པར་ཡོང་ཞིང་། དེ་དང་ཆབས་ཅིག་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་གྲོང་བྱང་སྤྱི་བདེ་ཡན་ལག་ཅུས་ཁྲོམ་གཞུང་དུ་སྐོར་གཡེང་བྱེད་པར་བསྐྱོད་སྐབས་ཉེན་གཡོལ་བྱེད་མཁན་མི་ཚོགས་ཁྲོད་བྲོས་བྱོལ་ཉེས་ཅན་ཞིག་མཐོང་བ་དང་འབྲེལ་རང་སར་འཛིན་བཟུང་བྱས།
རྒྱུས་ལོན་བྱུང་བར་གཞིགས་ན། སྐོར་གཡེང་བྱེད་པའི་སྐབས་སུ་ངོ་ཤེས་པའི་ངོ་གདོང་ཞིག་ལས་འགན་སྒྲུབ་མཁན་གྱི་མཐོང་ལམ་དུ་མངོན་བ་དང་ལས་སྒྲུབ་མི་དམངས་ཉེན་རྟོག་པས་སྐྱེས་པ་དེའི་མདུན་དུ་བསྐྱོད་དེ་འདྲི་རྩད་དཔྱད་བསྡུར་བྱས་རྗེས། མིང་ལ་དབྱང་ཞེས་པའི་སྐྱེས་པ་དེ་ནི་ལོ8གོང་ཁ་བསླུས་བརྒྱབ་པའི་རྐྱེན་གྱིས་སྤྱི་བདེ་ལས་ཁུངས་ཀྱི་དྲ་ཐོག་ཏུ་བྲོས་འདེད་བྱེད་པའི་མི་སྣ་ཡིན་པ་གཏན་འཁེལ་བྱས་རྗེས་འཕྲལ་མར་འཛིན་བཟུང་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།