ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

བོད་ལྗོངས་ཀྱི་དཔེ་ཁང་ཞིག་ལ་སྒོར་ཁྲི20ལྷག་གི་ཆད་པ་བཅད་འདུག

སྤེལ་དུས 2022-01-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཉེ་ཆར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་ལྷ་ས་གྲོང་ཁྱེར་དོག་སྡེ་ལམ་གྱི་དཔེ་ཚོང་ཁང་ཞིག་ཏུ་རྒྱུན་གཏན་ལྟར་ཞིབ་བཤེར་བྱེད་སྐབས། དེའི་མཛོད་ཁང་ནང་དུ་ཁྲིམས་འགལ་གྱི་དཔེ་སྐྲུན་དངོས་པོར་དོགས་པ་ཡོད་པའི་ཟུར་ཁྲིད་སློབ་དེབ《སློབ་ཆུང་གི་རྩིས་རིག་སྤྱི་འགྲོས་གཏན་སྲོལ་ལག་མཐིལ་ནོར་བུ་སྟེ་དབྱེ་ཞིབ་དང་བེད་སྤྱོད་གཅེས་བསྡུས》ཞེས་པ་ཁྱོན་བསྡོམས་སྒམ31དང་དེབ4778ཡོད་པ་ཤེས་རྟོགས་བྱུང་བ་རེད།

          བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས་དང་ཅི་ལིན་སློབ་གསོ་དཔེ་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སི། དེ་བཞིན་ཅི་ལིན་ཞིང་ཆེན་གྱི“འཆལ་རྡུང་ལོག་སེལ”ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་དོན་ཁང་བཅས་ཀྱིས་གསལ་འབྱེད་ཞིབ་བཤེར་བྱས་པ་བརྒྱུད། ཟུར་ཁྲིད་སློབ་དེབ་དེ་ཅི་ལིན་སློབ་གསོ་དཔེ་སྐྲུན་ཁང་གི་མིང་ཐོག་ནས་རྩོམ་སྒྲིག་པར་འདེབས་བྱས་པའི་ཁྲིམས་འགལ་གྱི་པར་དབང་རྐུ་འཕྲོག་གི་དཔེ་སྐྲུན་དངོས་པོ་ཞིག་ཡིན་པ་གཏན་འཁེལ་བྱས།

         འདྲི་རྩད་བྱས་པ་བརྒྱུད་དཔེ་ཚོང་ཁང་དེའི་གཉེར་སྐྱོང་མཁན་གྱིས་མཛོད་ཁང་ནང་དུ་པར་དབང་རྐུ་འཕྲོག་གི་ཟུར་ཁྲིད་སློབ་དེབ་གསོག་ཉར་བྱས་པའི་བྱ་སྤྱོད་ལ་སྦ་གསང་མེད་པར་ངོས་ལེན་བྱས་ཤིང་། གྱོད་གཞི་དེའི་དོན་དངོས་ཁ་གསལ་ལ་དཔང་རྟགས་ཁུངས་བཙན་ཡོད།
        ལྷ་ས་གྲོང་ཁྱེར་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་དཔེ་ཚོང་ཁང་དེར་དམངས་སྒོར་ཁྲི20.06གི་སྲིད་འཛིན་ཆད་པ་གཅོད་རྒྱུ་གཏན་འབེབས་བྱས་པ་མ་ཟད། ཁྲིམས་དང་འགལ་བའི་ཟུར་ཁྲིད་སློབ་དེབ་ཚང་མ་གཞུང་བཞེས་བཏང་བ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།