འཁོར་རིགས་འདི་དག་ལ་བཅོས་སྒྲིག་བྱས་ནས་བདེ་འཇགས་འགན་ལེན་བྱས་པ།
སྤེལ་དུས 2022-01-11
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ།
འཕྲུལ་སྒུལ་མིན་པའི་འཁོར་རིགས་ལ་དོ་དམ་བྱེད་ཤུགས་ཆེ་རུ་དང་། རྒྱ་ཆེའི་འཕྲུལ་སྒུལ་མིན་པའི་འཁོར་རིགས་གཏོང་མཁན་གྱི་ཕྱིར་སྐྱོད་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ། འགྲིམ་འགྲུལ་ལས་འཛོལ་འབྱུང་རྩ་ནས་སྔོན་འགོག་དང་ཉུང་དུ་བཅས་གཏོང་ཆེད། ཉེ་ཆར་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་འགྲིམ་འགྲུལ་ཟང་ཟིང་རྣམ་པ་ཁྱོན་ཡོངས་ནས་བཅོས་སྒྲིག་བྱས་ཤིང་། དེའི་རིང་འགྲིམ་འགྲུལ་ཉེན་རྟོག་པས་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཁ་ཕྱོགས་ལྡོག་ནས་སྐྱོད་པ་དང་། བརྡ་གཏོང་གློག་སྒྲོན་ལ་མི་བལྟ་བ། འགྲོ་ལམ་གང་བྱུང་དུ་བཟུང་ནས་སྐྱོད་པ། བདེ་འཇགས་ཞྭ་མོ་མི་གྱོན་པ། མི་ཚད་ལས་བརྒལ་བ། གཏན་འབེབས་གཞིར་བཟུང་འཁོར་རྟགས་མི་བསྒར་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་བཅོས་སྒྲིག་བྱས་པ་རེད།
དེ་དང་ཆབས་ཅིག རྒྱ་ཆེའི་འཕྲུལ་སྒུལ་མིན་པའི་འཁོར་རིགས་གཏོང་མཁན་དང་སྡོད་མཁན་ཚོའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་དང་། གཏན་འབེབས་ལྟར་བདེ་འཇགས་ཞྭ་མོ་མི་གྱོན་པ་སོགས་ཀྱི་གནད་དོན་བཏོན་པ་དང་ཉེན་བརྡ་བཏང་ནས། རྒྱ་ཆེའི་འགྲུལ་བཞུད་པ་ཚོར་རྒྱུན་དུ་ནས་འགྲིམ་འགྲུལ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་སྲོལ་ངན་འདི་དག་དོར་ཏེ་རང་ངོས་ཀྱི་བདེ་འཇགས་ཆེད་དུ་ཡ་རབས་ལྡན་པའི་ངང་ཕྱིར་སྐྱོད་དགོས་པའི་དྲན་སྐུལ་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།