ཟླ་དང་པོའི་ཚེས་7ཉིན་གྱི་སྔ་དྲོའི་ཆུ་ཚོད་12དང་སྐར་མ་10ཡི་ཐོག ཁྲུང་ཆིང་གྲོང་ཁྱེར་ཝུའུ་ལུང་ཆུས་ཧྥེང་ཧྲན་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་ཟ་ཁང་བརྡིབས་པ་དེར་ཕལ་ཆེར་ཟ་ཁང་གི་འབར་རླངས་ཟགས་ནས་འབར་གས་བྱུང་དོགས་ཡོད། ཚེས་7ཉིན་གྱི་ཆུ་ཚོད་23དང་སྐར་མ་05ཡི་ཐོག མི་26འཚོལ་སྐྱོབ་བྱས་པའི་ནང་མི་16རྐྱེན་ལམ་དུ་ཤོར་བ་དང་དེ་བྱིངས་མི་རྣམས་ལ་ནུས་ཤུགས་ཡོད་རྒུས་སྐྱོབ་བཞིན་ཡོད་པ་རེད།
ཚེས་8ཉིན་གྱི་ཐོ་རེངས་སུ། ཁྲུང་ཆིང་གྲོང་ཁྱེར་ཝུའུ་ལུང་ཆུས་ཟ་ཁང་བརྡིབས་པའི་ལས་འཛོལ་འཕྲལ་སྡོམ་བཀོད་འདོམས་པུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། ཡོངས་བསྒྲགས་ཚོགས་འདུའི་ཐོག་དེ་གར་ཡོད་པའི་མི་སྣ་ཚང་མ་ཡར་བཞེངས་ནས་ལས་འཛོལ་ནང་རྐྱེན་ལམ་དུ་ཤོར་བའི་འདས་པོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
ལས་འཛོལ་ཐོན་སྐབས་ལས་བཟོ་བ་ཁག་གཅིག་གིས་ཟ་མ་ཟ་བཞིན་ཡོད་པ་རེད།
ཡོངས་བསྒྲགས་ཚོགས་འདུའི་ཐོག ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་གྲོང་ཁྱེར་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་དབྱང་ལིན་གྱིས་གནས་ཚུལ་ཐོན་སའི་ཁང་པ་དེ་ནི་ཐོག་བརྩེགས་གཉིས་ལྡན་གྱི་སོ་ཕག་མཉམ་བསྲེས་ཀྱི་ཁང་པ་ཞིག་ཡིན་ཞིང་། དེའི་ས་བཟུང་ཁྱོན་ལ་སྨི་གྲུ་བཞི་མ་70ཙམ་དང། ཁང་པའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་150ཙམ་ཡོད་པ་རེད། དོན་རྐྱེན་བྱུང་སྐབས་ཧྥེང་ཧྲན་སྲང་ལམ་དོན་གཅོད་ཁང་གི་ལས་བཟོ་བ་ཁག་ཅིག་གིས་ཟ་ཁང་དུ་ཟ་མ་ཟ་བཞིན་ཡོད་པ་རེད།
རྨས་མར་སྐྱོབ་བཅོས་ཐོགས་མེད་བགྲོད་ལམ་བཞག་ཡོད།
ལས་འཛོལ་ཐོན་རྗེས་ས་གནས་དེ་གས་མེ་གསོད་རོགས་སྐྱོབ་རུ་ཁག་དང་། འཕྲལ་སྡོམ་རོགས་སྐྱོབ་རུ་ཁག ཡུལ་དམག་གྲ་སྒྲིག་དམག་ཞབས་སོགས་མི་588དང་། ལྗིད་འདེགས་རླངས་འཁོར་2 མེ་གསོད་རླངས་འཁོར་6 མྱུར་སྐྱོབ་རླངས་འཁོར་20བཅས་མངགས་ཡོད་པ་རེད།
མིག་སྔར། ཁྲུང་ཆིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གྲོང་ཁྱེར་རིམ་པའི་རིགས་གཅིག་མཁས་ཅན་17དང་སྨན་དོན་མི་སྣ་100ལྷག་ཙམ་ལ་སྤྱི་འདོམས་བཀོད་གཏོང་བྱས་པ་དང་། རྨས་མར་སྐྱོབ་བཅོས་ཐོགས་མེད་བགྲོད་ལམ་བཞག་པ། རྨས་མ་རེ་རེར་སྐྱོབ་ཐབས་རེ་རེ་ལག་ལེན་བསྟར་ནས་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱེད་བཞིན་ཡོད།