2021ལོར་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི“མིང་ཐོ་ནག་པོ”ཡོངས་བསྒྲགས་བྱས།
གླ་ཆ་འགྱངས་ཆད་ཀྱི་ཁྲིམས་འགལ་དང་ཁ་དན་ཚིག་ལ་མ་གནས་པའི་མི་སྤྱོད་ཚན་པར་ཆད་གཅོད་བསླབ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི“མིང་ཐོ་ནག་པོའི”དོ་དམ་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་ཆེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས《ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི“མིང་ཐོ་ནག་པོའི”དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ད་ཆ་ཉིང་ཁྲི་གྲོང་ཁྱེར་གྱིས2021ལོར་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི“མིང་ཐོ་ནག་པོ”ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད།
ཟུར་བཀོད། ཉིང་ཁྲི་གྲོང་ཁྱེར་གྱི2021ལོར་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི“མིང་ཐོ་ནག་པོའི”ཆ་འཕྲིན་རེའུ་མིག
ཉིང་ཁྲི་གྲོང་ཁྱེར་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས།
2021ལོའི་ཟླ12པའི་ཚེས31ཉིན།
2021ལོའི་ངལ་རྩོལ་འགན་སྲུང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ཁག་གསུམ་པ་ཡོངས་བསྒྲགས་བྱ་རྒྱུའི་སྐོར་གྱི་ཉིང་ཁྲི་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་སྤྱི་བསྒྲགས།
ངལ་རྩོལ་འགན་སྲུང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ལ་ཆད་གཅོད་བསླབ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་མི་སྤྱོད་ཚན་པས་ངལ་རྩོལ་འགན་སྲུང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲིག་སྲོལ་རང་རྟོགས་ངང་བརྩི་སྲུང་བྱེད་པར་སྐུལ་འདེད་དང་ཁྲིད་སྟོན་བྱས་ཏེ། རྒྱ་ཆེའི་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱ་ཆེད།《ཞིང་པ་ལས་མིའི་གླ་ཕོགས་སྤྲོད་རྒྱུ་འགན་ལེན་བྱེད་པའི་སྲོལ་ཡིག》དང《ངལ་རྩོལ་འགན་སྲུང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་ཐབས》(མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་བཀའ་རྒྱ་ཨང29པ)ཞེས་པའི་དགོངས་དོན་གཞིར་བཟུང་སྟེ། ད་ཆ་ཉིང་ཁྲི་གྲོང་ཁྱེར་གྱི2021ལོར་ངལ་རྩོལ་འགན་སྲུང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ཁག་གསུམ་པ་ཡོངས་བསྒྲགས་བྱ་རྒྱུ་ཡིན།
ཟུར་བཀོད། ཉིང་ཁྲི་གྲོང་ཁྱེར་གྱི2021ལོར་ངལ་རྩོལ་འགན་སྲུང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ཁག་གསུམ་པ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་པའི་མིང་ཐོ།
ཉིང་ཁྲི་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ནས།
2021ལོའི་ཟླ12པའི་ཚེས31ཉིན།
རྩོམ་སྒྲིག་པ། བདེ་སྒྲོན།