ཧ་སག་སི་ཐན་གྱི་ཟིང་འཁྲུག་སློང་མཁན་མི9900འཛིན་བཟུང་བྱས་འདུག
སྤེལ་དུས 2022-01-13
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཧ་སག་སི་ཐན་ནང་སྲིད་པུའུ་ཡིས་ས་གནས་དེ་གའི་དུས་ཚོད་ཚེས11ཉིན་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་ནང་སྲིད་སྡེ་ཚན་གྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་དུ་དྲག་ཤུགས་ཟིང་ཆའི་དོན་རྐྱེན་ནང་ཞུགས་མཁན་མི9900འཛིན་བཟུང་བྱས་ཡོད་ཅེས་བཀོད་འདུག
ཉིན་དེར་ཨ་ལ་མུའུ་ཐུའུ་གྲོང་ཁྱེར་བཀོད་འདོམས་པུའུ་གཞུང་ལས་ཁང་གིས་ཀྱང་གནས་ཚུལ་སྤེལ་བར་གཞིགས་ན། འདས་ཟིན་པའི་ཆུ་ཚོད24ཡི་རིང་ཨ་ལ་མུའུ་ཐུའུ་གྲོང་ཁྱེར་གྱིས་འཇིགས་སྐུལ་འཇབ་རྒོལ་དང་། འཕྲོག་བཅོམ། དེ་བཞིན་ཉེས་སྤྱོད་གཞན་དག་ནང་ཞུགས་མཁན་ཁྱོན་བསྡོམས་མི1237འཛིན་བཟུང་བྱས་པ་མ་ཟད། མཚོན་ཆ་འདྲ་མིན31དང་རྫས་མདེལ1428གཞུང་བཞེས་བཏང་བ་རེད། གནས་ཚུལ་ལས་ད་དུང་ཟིང་འཁྲུག་དོན་རྐྱེན་གྱིས་ཨ་ལ་མུའུ་ཐུའུ་ཉེན་རྟོག་པ3རྐྱེན་ལམ་དུ་ཤོར་བ་དང་། ཉེན་རྟོག་པ176ལ་རྨས་སྐྱོན་ཕོག་པ་དེའི་ནང་མི8ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཅེས་བསྟན།
རྩོམ་སྒྲིག་པ། བདེ་སྒྲོན།