ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

མྱུར་སྐྱེལ་དངོས་པོའི་ཐོག་གི་ཨང་རྟགས་འདི་བཤེར་མི་ཉན།

སྤེལ་དུས 2022-01-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           ག་དུས་བྱུང་མིན་མི་ཤེས་པའི་མྱུར་སྐྱེལ་དངོས་པོའི་ཐོག་གི་བཤེར་གཉིས་ཨང་རྟགས་ཀྱི་བརྡ་ཁྱབ་ཆུང་ཆུང་སྟེ། མ་བསྐྱུར། ཨང་རྟགས་བཤེར་ན་སྒོར་5.87ནམ་སྒོར་1གིས་ཁ་པར་དང་། རིན་མི་དགོས་པའི་ཐུག་སྒམ་1 རིན་མི་དགོས་པའི་དྲོད་སྲུང་རྐང་ཤུབས་ཆ་3སོགས་……ལེན་ཐུབ་ཅེས་བཀོད་འདུག ཨང་རྟགས་བཤེར་རྗེས་སུ་རིན་མི་དགོས་པའི་“ཕན་བདེ”ངོ་མ་ལེན་ཐུབ་བམ།
           ཉེ་ཆར། ཨན་ཧུའུ་ཞིང་ཆེན་འཛད་སྤྱོད་བདེ་སྲུང་ཨུ་ཡོན་ལྷན་ཁང་གིས་མྱུར་སྐྱེལ་དངོས་པོའི་ངོས་ཀྱི་བྱ་དགའ་འཐེན་འདེམས་བརྡ་ཁྱབ་ལ་ཞིབ་བཤེར་བྱས་པའི་སྙན་ཞུ་སྤེལ་ནས་སྟོན་རྒྱུར།འདི་འདྲའི“ཕན་བདེ”ལ་དོན་དངོས་རང་བཞིན་དང་བདེ་འཇགས་རང་བཞིན་འགན་ལེན་མི་ཐུབ་པ་མ་ཟད་ད་དུང་མི་སྒེར་གྱི་ཆ་འཕྲིན་ལེན་ཤོར་སྲིད་པ་རེད།
           ཞིབ་བཤེར་ལས་ཤེས་གསལ། མི་ལ་ལས་གྲོགས་པོ་20ཙམ་རོགས་བཀུགས་ནས་ཤུགས་བརྒྱབ་ནའང་། སྔར་བཞིན་དངུལ་ལེན་ཐུབ་མེད་པ་དང་། དེའི་ནང་ཞུགས་པའི་མི་གཞན་པས་ཀྱང་མཇུག་མཐར་དངུལ་ལེན་ཐུབ་མེད། ཡིན་ནའང་། ཚང་མས་APPཕབ་ལེན་བྱས་ནས། རིན་མེད་ངང་བྱེད་སྒོ་རྒྱ་བསྐྱེད་བཏང་རོགས་བྱས་ཡོད་པ་རེད།
ཞིབ་བཤེར་མི་སྣས་ཚོད་ལེན་གོ་རིམ་ཁྲོད་བརྡ་ཁྱབ་ཐོག་བྲིས་པའི་བྱ་དགའ་གང་ཡང་འཐེན་འདེམས་ཐུབ་མེད་པ་མ་ཟད། ད་དུང་བྱ་དགའ་ཟེར་བ་ལ་ཁ་གསལ་བའི་རྒྱ་བསྐྱེད་དམིགས་ཡུལ་ཡོད་པ་མ་གཏོགས་བྱ་དགའ་གང་ཞིག་ཀྱང་བརྡ་ཁྱབ་ནང་བྲིས་པ་བཞིན་“རིན་མི་དགོས་པ”ངོ་མ་ཡིན་མི་འདུག
           བརྡ་ཁྱབ་མང་པོ་ནི་བྱ་དགའི་རྒྱན་ལེན་མ་བྱས་སྔོན་ཐོག་མར་མི་སྒེར་གྱི་ཆ་འཕྲིན་འབྲི་དགོས་པ་མ་ཟད། ཐ་ན་རྒྱ་བསྐྱེད་ནང་དོན་ལ་མགོ་སྐོར་བཏང་བའི་དོགས་པ་ཡོད་པས“ཞབས་ཞུ་གནས་སྐབས་མཚམས་འཇོག”བྱས་ཡོད་པ་རེད།
           《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་》ནང་དུ། ཚོང་གཉེར་བྱེད་མཁན་གྱིས་འདོན་སྤྲོད་བྱས་པའི་ཆ་འཕྲིན་བདེན་པ་དང་ཆ་ཚང་ཡིན་དགོས་པ་ལས། རྫུན་མའམ་མི་ལ་གོ་ལོག་ཐེབས་སུ་འཇུག་པའི་དྲིལ་བསྒྲགས་བྱས་མི་ཆོག་ཅེས་གཏན་འབེབས་བྱས་ཡོད། མྱུར་སྐྱེལ་དངོས་པོའི་ཐོག་བཤེར་གཉིས་ཨང་རྟགས་ཀྱི་བརྡ་ཆ་རྫུན་མ་ཁྱབ་བསྒྲགས་བྱས་ནས། འཛད་སྤྱོད་པར་མགོ་སྐོར་བཏང་ནས་ཨང་རྟགས་བཤེར་འཇུག་པ་དང་། འཛད་སྤྱོད་པའི་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་གདམ་གའི་དབང་ཆར་བཙན་གནོད་བཅས་བྱེད་པའི་བྱེད་སྤྱོད་ལ་མགོ་སྐོར་གཡོ་འཕྲུལ་གྱི་དོགས་གཞི་ཡོད་པ་དང་། འཛད་སྤྱོད་པ་འཇམ་ཁྲིད་བྱས་ནས་མི་སྒེར་གྱི་ཆ་འཕྲིན་འབྲི་རུ་བཅུག་པ་དེས་འཛད་སྤྱོད་པ་མི་སྒེར་གྱི་ཆ་འཕྲིན་ལ་ཁྲིམས་ལྟར་སྲུང་སྐྱོབ་ཐོབ་པའི་ཁེ་དབང་ལ་བཙན་གནོད་བྱས་ཡོད་པས། གཙོ་གཉེར་སྡེ་ཁག་གིས་དེར་ཆད་པ་གཅོད་ཆོག་གི་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།