ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

མྱུར་སྐྱེལ་བས་དུག་འགོག་བྱས་ནས་བྱས་རྗེས་བཞག་པར་ངོ་སོ་བསྟོད།

སྤེལ་དུས 2022-01-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

           ཉེ་བའི་ལོ་ཤས་རིང་། དྲ་རྒྱའི་ལས་རྣམ་གསར་པ་དང་མྱུར་སྐྱེལ་ལས་རིགས་གོང་འཕེལ་མྱུར་པོ་བྱུང་བ་དང་བསྟུན་ནས། ཁྲིམས་འགལ་མི་སྣ་ཁག་གཅིག་གིས་“དྲ་རྒྱ་+མྱུར་སྐྱེལ”གྱི་འབྲེལ་གཏུག་བྱེད་མི་དགོས་པའི་བྱ་ཐབས་འདི་རིགས་སྤྱད་དེ་དུག་རྫས་ལྐོག་འདྲེན་དང་ལྐོག་འཚོང་བྱེད་ཀྱི་ཡོད་པས། སྐུར་སྐྱེལ་ཐབས་ལམ་ཁྲོད་ཀྱི་དུག་འབྲེལ་གནད་དོན་མང་དུ་འགྲོ་བཞིན་ཡོད་པ་རེད།
           སྤྱི་བདེ་པུའུ་ཡིས་སྤྱི་ཚེས་19ཉིན་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། སྤྱི་བདེ་པུའི་དུག་འགོག་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཀྲའོ་ཀྲུང་ཧྲེན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། སྤྱི་བདེ་པུའུ་ཡིས་རྒྱལ་ཁབ་སྦྲགས་སྲིད་ཅུད་སོགས་ཚན་པ་དང་མཉམ་དུ་སྤྱི་ལོ་2021ལོའི་ཟླ་བ་9པའི་ཚེས་1ཉིན་ནས་ཟླ་བ་12པའི་ཚེས་10ཉིན་བར། དུས་ཚོད་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་སྐུལ་སྐྱེལ་ཐབས་ལམ་ལ་ཉིན་བརྒྱའི་དུག་འགོག་བྱ་སྤྱོད་སྤེལ་ཡོད་པ་རེད།
           བྱ་སྤྱོད་སྤེལ་རིང་། རྒྱལ་ཡོངས་ཁྱབ་ཁོངས་ཀྱི་སྐུར་སྐྱེལ་ཐབས་ལམ་ནས་དུག་རྫས་ཉེས་གསོག་གྱོད་གཞི་ཁྱོན་1709རྩད་ཆོད་པ་དང་། དུག་རྫས་ཉེས་གསོག་དོགས་ཡོད་མི་སྣ་3802འཛིན་བཟུང་བྱས་པ། རིགས་ཁག་གི་དུག་རྫས་ཏུན་4.3གཞུང་བཞེས་བཏང་བ་བཅས་ནི་ལོ་གོང་མའི་དུས་མཚུངས་ཀྱི་ལྡབ་1.6དང་། ལྡབ་2.1  ལྡབ་8.4བཅས་ཡིན་པ་རེད།
           དེའི་ནང་། སྐུར་སྐྱེལ་ཐབས་ལམ་དང་འབྲེལ་བ་ཡོད་པའི་པུའུ་ཡིས་དུག་རྫས་ལ་ལྟ་སྐུལ་བྱེད་པའི་དམིགས་འཛུགས་གྱོད་གཞི་62རྩད་ཆོད་པ་དང་། ཚོགས་པའི་དྲ་རྒྱ་60ལྷག་གཏོར་བརླག་བཏང་བ། དུག་འཐེན་མཁན་དང་དུག་འཚོང་རྒྱག་མཁན་2946འཛིན་བཟུང་བྱས་པ། སྤྱི་བདེ་པུའི་དུག་འགོག་ཚན་པས་ཐེར་འདོན་བྱས་པར་གཞིགས་ནས་གྱོད་གཞི་135རྩད་ཆོད་པ། ཉེས་གསོག་དོགས་ཡོད་མི་སྣ་303འཛིན་བཟུང་བྱས་པ། དུག་རྫས་སྤྱི་རྒྱ་458.3གཞུང་བཞེས་བཏང་བ། མྱུར་སྐྱེལ་བ་125ལ་གཟེངས་བསྟོད་བྱས་པ་མ་ཟད། བྱ་དགའི་དངུལ་སྒོར་ཁྲི་84.8སྤྲད་པ་བཅས་ཚུད་ཡོད།
           ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་དུག་འགོག་འགན་འཁྲི་འཁུར་བའི་འདུ་ཤེས་ཆེ་རུ་ཕྱིན་པ་དང་། མྱུར་སྐྱེལ་བས་དུག་རྫས་ངོས་འཛིན་དང་། དུག་རྫས་རྩད་གཅོད། དུག་རྫས་ཉེས་གསོག་ཐེར་འདོན་སོགས་བྱེད་པའི་ཧུར་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་སྐུར་སྐྱེལ་ལས་རིགས་ཀྱི་དུག་འགོག་གི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།