ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

དགུན་གསེང་རིང་འཁྱུག་དབྱངས་ཀྱིས་བྱ་སྤྱོད་འདི་དག་བཅོས་སྒྲིག་བྱས་པ།

སྤེལ་དུས 2022-01-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཚེས26ཉིན་འཁྱུག་དབྱངས་ཐད་གཏོང་གིས《“ལོ་ན་མ་སོན་པའི་མིར་འཇམ་ཁྲིད་བྱས་ནས་བྱ་དགའ་སྤྲོད་པའི” སྒྲིག་འགལ་བྱ་སྤྱོད་བཅོས་སྒྲིག་གི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པ་རེད། སྤྱི་བསྒྲགས་ནང་ལོ་ན་མ་སོན་པའི་མིའི་ཁེ་དབང་ལ་སྲུང་སྐྱོང་བྱ་ཆེད། ཟླ་དང་པོའི་དགུན་ཁའི་གུང་གསེང་ནས་བཟུང་ལས་སྟེགས་ཀྱིས་ལོ་ན་མ་སོན་པའི་མི་རྣམས་ཀྱིས་དངུལ་འཇོག་པ་དང་འཛད་སྤྱོད་བྱ་རྒྱུར་འཇམ་ཁྲིད་བྱེད་པའི་བྱ་སྤྱོད་ལ་གཙོ་གནད་ཐོག་རྡུང་རྡེག་གཏོང་རྒྱུ་དང་། སྒྲིག་འགལ་བྱེད་མཁན་ལ་དུས་ཚད་མེད་པར་ཐད་གཏོང་ནུས་པ་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་བཀོད་འདུག

           ངོ་སྤྲོད་བྱས་པར་གཞིགས་ན། 2022ལོའི་ཟླ་དང་པོར་འཁྱུག་དབྱངས་ཀྱིས་རིམ་རྩིས་བྱས་ན་འབྲེལ་ཡོད་སྒྲིག་འགལ་ཐད་གཏོང་མཁན23བཀག་སྡོམ་བྱས་པ་དང་། འབྲེལ་ཡོད་སྒྲིག་འགལ་ཐད་གཏོང་ཁང965ཐག་གཅོད་བྱས་ཡོད། ལོ་ན་མ་སོན་པའི་མིའི་ཐད་གཏོང་དང་། དངུལ་འཇོག་བྱ་དགའ་སྤྲོད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་འཁྱུག་དབྱངས་ཐད་གཏོང་བྱེད་པར་མིག་སྔར་དོན་དག་མ་བྱུང་གོང་སྔོན་འགོག་དང་། དོན་དག་ཁྲོད་བཀག་འགོག དོན་དག་བྱུང་རྗེས་གྲོན་དངུལ་ཕྱིར་སློག་ཞིབ་དཔྱད་སོགས་ཀྱི་ལམ་སྲོལ་རབ་དང་རིམ་པ་བཙུགས་ཡོད།

            འཁྱུག་དབྱངས་ཐད་ཐོག་མཐའ་བར་གསུམ་དུ་ལོ་ན་མ་སོན་པའི་མིར་དངུལ་འཇོག་བྱ་དགའ་སྤྲོད་མི་ཆོག་ཅེས་གཏན་འབེབས་གསལ་པོ་བྱས་ཡོད་པ་དང་། 2018ལོ་ནས་བཟུང་ལོ་ན་མ་སོན་པའི་མིའི་དངུལ་ཕྱིར་སློག་གི་བརྒྱུད་རིམ་བཟོས་ཏེ་ལྟ་སྐྱོང་བའི་ཆོག་མཆན་མ་ཐོབ་པའི་ལོ་ན་མ་སོན་པའི་མིར་བྱ་དགའ་སྤྲོད་པ་དང་ཞིབ་དཔྱད་བྱས་རྗེས་ཆུ་ཚོད24ཡི་ནང་དངུལ་ཆ་ཚང་ཕྱིར་སློག་བྱ་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད། གཞི་གྲངས་ལས་མངོན་པར་གཞིགས་ན། 2020ལོའི་ཟླ5པ་ནས2021ལོའི་ཟླ3པའི་བར་གྱི་ཟླ11རིང་འཁྱུག་དབྱངས་ཐད་གཏོང་གིས་ཁྱོན་བསྡོམས་སྤྱོད་མཁན་ཁྲི3.6ལ་ལོ་ན་མ་སོན་པའི་མིར་བྱ་དགའ་སྤྲོད་པ་དང་གྲོན་དངུལ་ཕྱིར་སློག་གི་འགྲོ་ལུགས་གཉེར་བ་དང་ཆ་སྙོམས་གྲོན་དངུལ་ཕྱིར་སློག་གི་དུས་ཚོད་ཆུ་ཚོད19.7ཟིན་ཡོད།

            འཁྱུག་དབྱངས་ཐད་གཏོང་གི་འབྲེལ་ཡོད་འགན་འཁུར་བས། “དགུན་ཁའི་གུང་གསེང་ནི་གཞོན་ནུ་ལོ་ཆུང་དྲ་བར་ཞུགས་མང་བའི་དུས་ཤིག་ཡིན་པས་གཞོན་ནུ་ལོ་ཆུང་ལ་དམིགས་ནས་འཇམ་ཁྲིད་བྱ་དགའ་སྤྲོད་པ་དང་ཁ་བསླུས་རྒྱག་པའི་བྱ་སྤྱོད་ཐོན་སླ་པོ་ཡོད། འཁྱུག་དབྱངས་ཀྱིས་རྒྱུན་མཐུད་ངང་ཐོན་རྫས་ལེགས་སྒྱུར་དང་ནང་དོན་བཅོས་སྐྱོང་སོགས་ཀྱི་ཐད་ནས་གཞོན་ནུ་ལོ་ཆུང་གི་བདེ་འཇགས་ལས་དོན་སྤེལ་བ་རེད། དེ་དང་ཆབས་ཅིག་ང་ཚོས་ཀྱང་ཁྱིམ་བདག་ལ་བྱིས་པ་ཚོར་གཞོན་ནུ་ལོ་ཆུང་གི་དཔེ་དབྱིབས་བཏོད་དེ། ཕྱོགས་གཅིག་ནས་དེ་བས་བདེ་འཇགས་ཀྱི་དྲ་ཞུགས་ཁོར་ཡུག་ཐོབ་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་བྱིས་པར་ཤེས་བྱ་སྦྱོང་བ་དང་འཇིག་རྟེན་ལ་ལྟ་བར་རོགས་རམ་བྱ་ཐུབ་པའི་གྲོས་འགོ་བཏོན་པ་ཡིན”ཞེས་བཤད།
རྩོམ་སྒྲིག་པ། བདེ་སྒྲོན།