ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཁྱུག་དབྱིངས་ཀྱི་ཐོ་ཨང་331ལ་ཆད་པ་བཅད།

སྤེལ་དུས 2022-02-11 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
            ཟླ་2ཚེས་9ཉིན། “ཁྱུག་དབྱིངས་བདེ་འཇགས་ལྟེ་གནས”འཕྲིན་ཕྲན་སྤྱི་སྟེགས་ཀྱིས་སྤྱི་བསྒྲགས་སྤེལ་དོན། ལས་སྟེགས་དེས་རྒྱུན་གཏན་གྱི་སྐོར་ཞིབ་བྱེད་རིམ་ཁྲོད། ཐོ་ཨང་ཁག་གཅིག་གིས་དཔྱད་གཏམ་ལམ་ཡང་ན་སྒེར་འཕྲིན་བརྒྱུད་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བདམས་ཐོན་པར་དམའ་འབེབས་དང་བཪྙས་བཅོས་བཏང་བ་དང་། དཀྲོག་གཏམ་བཟོས་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལྟད་མོར་ལྟ་བ་དང་སྡེ་ཁུལ་གྱི་རྣམ་པར་ཤུགས་རྐྱེན་ངན་པ་བཟོས་པ་ཤེས་རྟོགས་བྱུང་ཡོད།
            ཉེ་ཆར་ལས་སྟེགས་ཀྱིས་དཔེ་དབྱིབས་དབྱེ་འབྱེད་དང་། ཐེར་འདོན་བདག་སྤྲོད། གླེང་ཕྱོགས་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད། འབྲེལ་ཡོད་སྒྲིག་འགལ་གྱི་བརྙན་དང་དཔྱད་གཏམ་གྱི་ནང་དོན་6780བཀག་ནས་གཙང་སེལ་བྱས་པ་རེད། ཕན་ཚུན་འཕྱ་སྨོད་དང་། འགལ་ཟླ་ངན་སྐུལ། དྲ་རྒྱའི་ཐོག་ནས་བཪྙས་བཅོས་གཏོང་བའི་བྱ་སྤྱོད་སྤེལ་མཁན་གྱི་ཐོ་ཨང་331ལ་སྒྲིག་འགལ་གྱི་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས། གཏམ་བཅད་པ་དང་ཐ་ན་ཐོ་ཨང་མེད་པར་བཟོ་རྒྱུའི་ཐག་གཅོད་བྱས་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།